ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-22


        སྤྱི་ཟླ་12པའི་ཚེས་21ཉིན་གྱི་སྔ་དྲོར།  ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས་ཏེ་སང་ལོའི་དཔལ་འབྱོར་ལས་ཀར་ཞིབ་འཇུག་གནང་བར་མ་ཟད། འབྲེལ་ཡོད་ཕྱོགས་སོ་སོའི་ལས་ཀའི་སྙན་ཞུ་ལ་གསན་པ་དང་འབྲེལ་ཡོད་ཡིག་ཆ་ལ་གྲོས་ཞིབ་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་མཛད། 
        གྲོས་ཚོགས་སྟེང་ད་ལོ་ནས་བཟུང་། རྙོག་འཛིང་ཆེ་བའི་སྤྱི་སྣང་གནས་བབ་དང་རྒྱུན་མཐུད་ངང་ཇེ་ཆེར་འགྱུར་བཞིན་པའི་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ལ་ཁ་གཏད་དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནན་ཏན་གྱིས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་རྩེ་གཅིག་ཏུ་བསྒྱུར་བཀོད་འཕེལ་རྒྱས་ཀྱི་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་བྱས་ཤིང་། བརྟན་བརླིང་ཁྲོད་འཕེལ་རྒྱས་སྙེག་པ་རྒྱུན་འཁྱོངས་དང་བློ་བརྟན་འགྱུར་མེད་སྒོས་མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སྐུལ་སྤེལ་བྱས་པར་མ་ཟད། གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་ཀྱི་ཐབས་ཇུས་ཆེན་པོ་གསུམ་ལག་བསྟར་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་སྤྱི་ཆ་ནས་བརྟན་བརླིང་དང་བརྟན་བརླིང་ཁྲོད་བཟང་ཕྱོགས་སུ་འཕེལ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་གོམ་གང་མདུན་སྤོས་སྒོས་མཐོར་འདེགས་སུ་བཏང་ཞིང་རྒྱང་ཕུགས་རིང་བའི་འཕེལ་རྒྱས་ལ་རྨང་བརྟན་པོ་བཏིངས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1