གཟི་ཚ་སྡེ་དགུ་རྫོང་གིས་རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་གྱི་དབུལ་སྐྱོར་རོགས་སྒྲུབ་ཐེབས་རྩ་འཛུགས་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-23


        རྒྱུས་ལོན་བྱུང་བ་ལྟར་ན། གཟི་ཚ་སྡེ་དགུ་རྫོང་གི་དབུལ་སྐྱོར་རོགས་སྒྲུབ་ཐེབས་རྩ་ནི་གཙོ་བོ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཁྱིམ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ཆེན་པོའི་ཉེན་སྲུང་། དམངས་སྲིད་རོགས་སྒྲུབ། བྱམས་བརྩེ་ཐེབས་རྩའི་རོགས་སྒྲུབ་སོགས་ཀྱི་ཁ་གསབ་ལ་བཀོལ་ནས་95%ཡན་གྱི་དབུལ་ཕོངས་ནད་པས་རྫོང་ནང་ཁུལ་དུ་སྨན་བཅོས་བྱེད་ཐུབ་པར་འགན་སྲུང་དང་དབུལ་ཕོངས་ནད་པས་རྫོང་ནང་ཁུལ་གྱི་སྨན་བཅོས་སྡེ་ཁག་ཏུ་ཞག་སྡོད་སྨན་བཅོས་བྱས་པའི་སྨན་ཡོན་ཁ་ཚང་རྩིས་ཞུ་བྱེད་ཐུབ་པར་འགན་སྲུང་བྱ་དགོས། རྒྱུན་ནད་ནད་པའི་སྨན་བཅོས་ཀྱི་མི་སྒེར་འགྲོ་སོང་དེ་10%ནང་དུ་ཚད་འཛིན་བྱས་ཏེ་འབད་པ་ཆེན་པོས་དབུལ་ཕོངས་ནད་པའི་ནད་གཞི་ལྕི་མོ་རྫོང་བརྒལ་ནས་སྨན་བཅོས་བྱེད་པར་སྨན་ཡོན་སྤྲོད་མི་དགོས་པ་མངོན་འགྱུར་འབྱུང་དུ་འཇུག་དགོས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1