《ངོ་མཚར་བའི་འཇིག་རྟེན་གྱི་གསང་བ།》དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-28


        ཡུལ་ཤུལ་ཚེ་དབང་བཀྲ་ཤིས་ཀྱི་བརྩམས་ཆོས་《ངོ་མཚར་བའི་འཇིག་རྟེན་གྱི་གསང་བ།》ཞེས་པ་ཉེ་ལམ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། དཔེ་དེབ་འདི་ནི་སའི་གོ་ལའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་བྱུང་འཕེལ་སྐོར་ཡི་གེས་གསལ་བཤད་བྱས་པ་གང་ཞིག་ལ་ཚོན་ལྡན་པར་རིས་དང་རེའུ་མིག་གི་ལམ་ནས་ངོ་སྤྲོད་དང་མཚམས་སྦྱོར་བྱས་པའི་དཔེ་དེབ་ཅིག་ཡིན་ལ། འདིར་གཙོ་བོ་ངོ་མཚར་བའི་འཇིག་རྟེན་གྱི་ཆགས་རིམ་དང་། མིའི་རིགས་འཕེལ་འགྱུར་གྱི་ལོ་རྒྱུས་ཞེས་པའི་ལེའུ་ཆེན་པོ་གཉིས་ཀྱི་སྒོ་ནས་ཕྱི་ནང་གི་ཆོས་ཐམས་ཅད་ཇི་ལྟར་བྱུང་བ་དང་འཕེལ་བའི་གནས་ལུགས་རྣམས་ཚན་རིག་དང་མཐུན་པའི་སྒོ་ནས་འགྲེལ་བརྗོད་བྱས་ཡོད་པས། དེབ་ཆུང་འདི་ནི་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་ཟུང་གི་ཤེས་བྱས་བྱུར་བུར་གཏམས་ཤིང་སྐལ་ལྡན་སློབ་གཉེར་པ་རྣམས་ཀྱི་ཤེས་བྱའི་བློ་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1