༄༅།།ཕག་མོ་བསམ་གྲུབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-28



        ཕག་མོ་བསམ་གྲུབ་བམ་ནོར་བུ་ནི1969ལོར་གཅན་ཚ་རྫོང་ཚོ་དྲུག་ཞང་གཡག་སྡེ་བ་ནས་སྐྱེས། 1992ལོར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་ཕ་ཡུལ་ཚོ་དྲུག་སློབ་ཁུལ་དུ་དགེ་རྒན་གྱི་བྱ་བ་གཉེར། 1993ནས1995ལོའི་བར་མཚོ་སྔོན་སློབ་གསོ་སློབ་གླིང་ནས་བོད་སྐད་ཡིག་ལ་སློབ་སྦྱོང་བྱས་ཏེ་མཐོ་རིམ་ཆེད་སྦྱོང་སློབ་མའི་འཛིན་ཡིག་བླངས།   1995ནས1997ལོའི་བར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་རྫས་འགྱུར་རིག་པར་སྦྱངས་ཏེ་མཐོ་རིམ་ཆེད་སྦྱོང་སློབ་མའི་འཛིན་ཡིག་བླངས། 1999ལོ་ནས2004ལོའི་བར་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་ནས་བོད་ཡིག་ཚན་ཁག་གི་ཚན་གཙོ་དང་སློབ་རའི་དུས་དེབ《མར་མེ》ཞེས་པའི་གཙོ་འགན་བཞེས།   2002ལོ་ནས 2004ལོའི་བར་མཚོ་སྔོན་མི་རིགས་སློབ་གླིང་ཞིབ་འཇུག་སློབ་མའི་ཟབ་སྦྱོང་འཛིན་གྲྭར་ཞུགས་ནས་སློབ་མཐར་ཕྱིན།  2004ལོའིཟླ5བ་ནས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དུ་ལས་གནས་སྤར་ཏེ་སློབ་གྲྭ་དེའི《མྱུ་གུ》ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་གི་འགན་འཁུར། ལོ་ངོ་འདི་དག་གི་རིང་དུ《བོད་ཀྱི་རྩོམ་རིག་སྒྱུ་རྩལ།》 《བོད་ལྗོངས་སློབ་གསོ།》 《བོད་ཀྱི་སློབ་གསོ།》《མཚོ་སྔོན་བོད་ཡིག་གསར་འགྱུར།》སོགས་དུས་དེབ་དང་ཚགས་པར་སྟེང་སྙན་ངག་དང་དཔྱད་རྩོམ 60ལྷག་ སྤེལ་བ་ཟད། 《མཐོ་རིམ་སློབ་འབྲིང་གི་སྐད་ཡིག་སྡེ་ཚན་རྒྱུགས་གཞི་སློབ་ཆེན་སྒོ་མོ་འབྱེད་པའི་ལྡེ་མིག》 《ཞིང་ལྗོངས་ལྔའི་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་ཚད་འཇལ་རྒྱུགས་གཞི།》 《སློབ་འབྲིང་སྐད་ཡིག་བློ་འཛིན་ནོར་བུའི་ཕྲེང་བ།》《རྩོམ་འབྲིའི་ཐབས་ལམ་དང་རྩོམ་དཔེ།》 《དམའ་འབྲིང་རྫས་འགྱུར་རིག་པའི་རྨང་གཞི།》 《སློབ་འབྲིང་སྐད་ཡིག་བློ་འཛིན་ནོར་བུའི་ཕྲེང་བ།》 《རྩོམ་འབྲིའི་ཐབས་ལམ་དང་རྩོམ་དཔེ།》 《དམའ་འབྲིང་རྫས་འགྱུར་རིག་པའི་རྨང་གཞི།》 《སློབ་འབྲིང་གྲངས་དངོས་རྫས་གསུམ་གྱི་སྤྱི་འགྲོས་དང་གཏན་སྲོལ་ཕྱོགས་བསྒྲིགས།》 《སུམ་རྟགས་རྩ་འགྲེལ་བློ་གསལ་དགའ་སྐྱེད།》 《རྩོམ་འབྲིའི་ལྷན་ཐབས།》 《འབྲིང་རིམ་སློབ་གྲྭར་སློབ་མ་བསྡུ་བའི་བོད་སྐད་ཡིག་གི་བསྐྱར་སྦྱོང་རྒྱུགས་གཞི་ཀུན་འདུས་མེ་ལོང་།》སོགས་དེབ58ཙམ་སྔ་ཕྱིར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཅང་ཧོ་གློག་རྡུལ་དཔེ་སྐྲུན་ཁང་བཅས་ནས་པར་སྐྲུན་བྱས། 

        《སློབ་འབྲིང་སྐད་ཡིག་བློ་འཛིན་ནོར་བུའི་ཕྲེང་བ།》ནི་སྤྱིའི་ཆ་ནས་སློབ་འབྲིང་སློབ་མའི་བོད་སྐད་ཡིག་གི་རྨང་གཞི་ཤེས་བྱ་བརྟན་པོ་འདིང་ཆེད་དང་།  སློབ་འབྲིང་སྐད་ཡིག་སྟེང་གི་རྨང་གཞི་ཤེས་བྱ་དང་བློ་འཛིན་ལ་སྟབས་བདེ་ཆེད་དུ་དམིགས་ནས་བརྡ་སྤྲོད་དང་ལེགས་བཤད། མངོན་བརྗོད། སྙན་ངག ཚད་མ།  ལོ་རྒྱུས། རྩོམ་འབྲི། རྒྱུན་མཁོའི་ཤེས་བྱ།  གྲངས་འདྲེན་བཅས་སྡེ་ཚན་དགུ་རུ་བྱས་ཏེ་བསྒྲིགས་ཡོད། 

       

        《མཐོ་འབྲིང་སྐད་ཡིག་སྦྱང་གཞི་ལྷན་ཐབས》དང《མཐོ་རིམ་སློབ་འབྲིང་གི་སྐད་ཡིག་སྡེ་ཚན་རྒྱུགས་གཞི་སློབ་ཆེན་སྒོ་མོ་འབྱེད་པའི་ལྡེ་མིགགཉིས་ནི་མཐོ་རིམ་སློབ་འབྲིང་གི་སློབ་མ་རྣམས་ལ་དམིགས་ནས་ངེས་སྦྱོང་དེབ་ལྔ་བོ་རེ་རེར་དེབ་རེ་དང་དེབ་རེ་རེའི་སྡེ་ཚན་རེར་རྒྱུགས་གཞི་རེ་ཕྱོགས་གཅིག་ཏུ་བསྡུས་ནས་སྡེ་ཚན་རྒྱུགས་གཞི་བྱས་ཏེ་དེབ་གཅིག་བཅས་བསྡོམས་པས་དེབ་དྲུག་ཏུ་བསྒྲིགས་པ་རེད། 

        《རྩོམ་འབྲིའི་ལྷན་ཐབས།》(དེབ་དྲུག)ནི་རྒྱ་ཡིག་གི(同步作文)ལ་དཔེ་བལྟས་ཏེ་བསྒྲིགས་པ་ཞིག་ཡིན་ལ་འདིའི་ནང་དུ་བརྒྱའི་ཆའི་སུམ་བཅུ་ལྷག་ནི་གངས་རྒྱན་ན་ཆུང་ཚགས་པར་སོགས་ལས་འདེམ་པ་དང་།  བརྒྱ་ཆའི་དྲུག་ཅུ་ལྷག་ནི་སློབ་མའི་ཆུ་ཚད་དང་བསྟུན་ནས་རང་གིས་བྲིས་པ་དང་བསྒྱུར་བ་སོགས་ཀྱི་ངལ་བ་ལས་ཐོན་པ་ཡིན་པས་སློབ་མ་རྣམས་ཀྱིས་འདི་ལ་བལྟས་ནས་རྩོམ་ལ་གོམས་ན་འབྲས་བུ་ལེགས་པོ་འབྱུང་བ་གདོན་མི་ཟའོ། ། 

        སློབ་སྔོན་སློབ་གྲྭའི་སློབ་དེབ་ནི་བོད་ས་གནས་ཁག་ཏུ་ཉེ་སྔོན་སློབ་སྔོན་འཛིན་གྲྭ་རེ་སྤེལ་ཁུལ་བྱས་ནའང་དེ་དག་ལ་བསླབ་དེབ་མེད་པར་རང་རང་ལ་གང་བདེ་ཞིག་བྱེད་ཀྱིན་འདུག་པ་དེར་དམིགས་ནས་དུས་ཚོད་ཐུང་ཐུང་ནང་དུ་སློབ་སྔོན་སློབ་གྲྭ་རེ་འགའི་དགེ་རྒན་དང་མཉམ་འབྲེལ་བྱས་ཏེ་བྱ་ཅོ་ག་ཞིག་ལ་ཅི་ཚང་དེ་བྱེའུ་ཞར་མ་ཞིག་དེ་ཚང་དགོས་ཟེར་བ་ལྟར 《གྲོགས་པོ་ཆུང་ཆུང་གིས་སྐད་ཡིག་སློབ་པ།》དང《གྲོགས་པོ་ཆུང་ཆུང་གིས་གྲངས་རིག་སློབ་པ།》《གྲོགས་པོ་ཆུང་ཆུང་གིས་རི་མོ་སློབ་པ།》སོགས་དེབ་བཅུ་བཞི་ཙམ་རྩོམ་སྒྲིག་བྱས་ཡོད། འདི་དག་གི་ནང་དུ་མི་བདེ་ས་རེ་གཉིས་ཡོད་ནའང་མེད་པ་ལས་བཟང་སྙམ་ནས་པར་སྐྲུན་འགྲེམ་སྤེལ་བྱས།

        《ཞིང་ལྗོངས་ལྔའི་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་ཚད་འཇལ་རྒྱུགས་ཡིག》ཅེས་པ་ནི་སྔར་གྱི་རྒྱུགས་ཡིག་དག་ལ་དཔེ་བལྟས་ཏེ། མཐོ་འབྲིང་སྐད་ཡིག་གི་རྨང་གཞིའི་སྟེང་དམའ་འབྲིང་སྐད་ཡིག་ནང་གི་རྨང་གཞི་ཤེས་བྱ་དང་། རྒྱུན་བཀོལ་གྱི་རྨང་གཞི་རྣམས་ཉིང་བསྡུས་ཀྱིས་རྒྱུགས་ཡིག་བཅུ་དང་ཉེ་བའི་ལོ་ངོ་བཞི་ནང་གི་རྒྱུགས་ཡིག་རྣམས་ཕྱོགས་བསྡུས་ཀྱིས་བཀོད་ཡོད། 

        《འབྲིང་རིམ་སློབ་གྲྭར་སློབ་མ་བསྡུ་བའི་རྫས་འགྱུར་ཚད་འཇལ་རྒྱུགས་གཞི་བཅུ་དགུ་མ།》ནི་དམའ་འབྲིང་གི་རྫས་འགྱུར་བསླབ་དེབ་སྟོད་སྨད་གཉིས་ཀྱི་ནང་དོན་སྤྱི་བསྡུས་དང་། ཉེ་སྔོན་གྱི་རྫས་འགྱུར་རྒྱུགས་གཞི་ནང་དུ་བྱུང་ཟིན་པའི་ནང་དོན་གལ་ཆེན་གྱི་རིགས།  གཞན་ཡང་དམའ་འབྲིང་སློབ་མས་ངེས་པར་དུ་རྟོགས་དགོས་ཤིང་སྤྱི་ཚོགས་འཚོ་བའི་ཁྲོད་ན་རྒྱུན་སྤྱོད་ཆེ་བའི་ཤེས་བྱ་གལ་ཆེན་རྣམས་གཙོར་བཟུང་ནས་བསྒྲིགས་ཡོད། །







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1