འབར་ཁམས་གྲོང་ཁྱེར་གྱིས་སང་ལོའི་ལོ་མཇུག་ཏུ་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གྱི་ཚད་གཞིར་ཐོན་པར་བརྩོན་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-30


        འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། འབར་ཁམས་གྲོང་ཁྱེར་གྱིས་ཁྱོན་ཡོངས་ནས་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་རྫོང་བསྐྲུན་པའི་ལས་ཀ་དངོས་སུ་འགོ་བརྩམས་ཤིང་། 2017ལོའི་ལོ་མཇུག་ཏུ་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་རྫོང་མཁར་གྱི་ཚད་གཞིར་ཐོན་ནས་རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ལྷན་གྱི་གཞུང་སྒྲུབ་ཁང་གི་ཞིབ་བཤེར་བརྒྱུད་དགོས། 
        རྒྱུས་ལོན་བྱུང་བ་ལྟར་ན། འཕྲོད་བསྟེན་རྫོང་གསར་བསྐྲུན་གྱི་གོ་རིམ་ཁྲོད་གྲོང་ཁྱེར་འདིས་གྲོང་ཁྱེར་གྱི་རྣམ་པ་ཕྱོགས་བསྡུས་སྒོས་ལེགས་བཅོས་དང་གྲོང་ཁྱེར་གྱི་དོ་དམ། འཕྲོད་བསྟེན་དོ་དམ། ཁོར་ཡུག་སྲུང་སྐྱོབ། བདེ་ཐང་སློབ་གསོ་སོགས་ཀྱི་ཐད་ནས་མགོ་བརྩམས་ཏེ་ཁྱོན་ཡོངས་ནས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་རྫོང་བསྐྲུན་པའི་ལས་ཀ་ཁག་ལེགས་བསྒྲུབ་དགོས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1