ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-30


        སྤྱི་ཟླ་12པའི་ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས། 
        གྲོས་ཚོགས་ལས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར་ཕྱོགས་ས་སོས་ཐུན་མོང་གི་འབད་པ་ཆེན་པོས་རང་རྒྱལ་གྱི་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་མུ་མཐུད་དུ་སློབ་གསོ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་གནས་སུ་བཞག་ནས་ཐོག་མར་འཕེལ་རྒྱས་སུ་འཇོག་དགོས། གྲོས་ཚོགས་ལས་རྒྱལ་ཁབ་ཀྱི་སློབ་གསོ་ལས་དོན་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཇུས་འགོད་ལ་གྲོས་འཆམ་བྱུང་བ་སྟེ། གཅིག་ནས་སློབ་གསོའི་འདྲ་མཉམ་ལ་སྐུལ་འདེད་གཏང་དགོས་པ། གཉིས་ནས་སློབ་ཁྲིད་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་སློབ་མའི་གསར་གཏོད་དང་ལག་ལེན་གྱི་ནུས་པ་མཐོར་འདེགས་སུ་གཏང་དགོས་པ། གསུམ་ནས་སློབ་གསོའི་སྒྲིག་གཞི་ལེགས་བཅོས་བྱ་དགོས་པ། བཞི་ནས་སློབ་གསོའི་སྒོ་འབྱེད་མཉམ་ལས་རྒྱ་སྐྱེད་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1