ཆོས་དབྱངས་སྐྱིད་སོགས་ལ་2016ལོའི་དྲ་རྒྱའི་མི་སེམས་འགུལ་བའི་མི་སྣའི་གཟེངས་རྟགས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་སྲིད་གཞུང་དྲ་བ། སྤེལ་དུས། 01-03


        

        ཆོས་དབྱངས་སྐྱིད་སོགས་ལ་2016ལོའི་དྲ་རྒྱའི་མི་སེམས་འགུལ་བའི་མི་སྣའི་གཟེངས་རྟགས་གནང་བ། 

        སྤྱི་ཟླ་12པའི་ཚེས་22ཉིན་ལ་དགེ་སྒྲུབ་ཀྱི་ཞབས་རྗེས་བཙལ་ནས་གྲོང་ཁྱེར་གྱི་དྲོད་ཁོལ་མྱོང་ཞེས་པ་བརྗོད་གཞིར་བཟུང་པའི་ན་གཞོན་ལུས་རྩལ་འགྲན་ཚོགས་བུམ་པའི་ཀྲུང་གོའི་དྲ་དོན་མི་སེམས་འགུལ་བའི་མཚོ་སྔོན་ཞེས་པའི་2016ལོའི་དྲ་རྒྱའི་མི་སྣ་དཔྱད་འདེམས་ཀྱི་འདུ་འགོད་དེས་གཟི་བརྗིད་ཀྱི་གཟེངས་རྟགས་གནང་བའི་དུས་བཟང་བསུས། མི་སྣ་འདི་དག་ནི་ཟླ་བ་ལྔའི་རིང་ལ། གཞི་རིམ་ནས་འོས་སྦྱོར་དང་། དྲ་ཐོག་འགྲེམ་སྟོན། འོས་འདེམ་མི་སྣ་འདེམ་ཐོན། དྲ་རྒྱ་དང་པོད་འཕྲིན་སྐད་འཕྲིན་ལ་སོགས་ཀྱི་སྟེགས་བུ་ནས་འདེམ་ཤོག་འཕེན་པ། ཆེད་མཁས་དཔྱད་ཞིབ་སོགས་གོ་རིམ་བརྒྱུད་དྲ་རྒྱའི་མི་སེམས་འགུལ་བའི་མི་སྣ་ཆེན་པོ་བཅུ་དང་དྲ་རྒྱའི་སྙན་གྲགས་ཅན་གྱི་མི་སྣ་ལྔ་བཅས་ཀྱི་གཟེང་རྟགས་ཐག་བཅད་པ་རེད།

        ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གི་འགོ་གཙོ་གཞོན་པ་མཱ་ཆིང་ལི་ཡིས་མཚོ་སྔོན་འཛམ་གླིང་དུ་འཁྱེར་མཁན་ཆོས་དབྱངས་སྐྱིད་ལ་གཟེངས་རྟགས་གནང་བཞིན་པ།

        ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་མཚོ་སྔོན་ཡན་ལག་ཀུང་སིའི་སྤྱི་གཉེར་བ་ཡང་ཧྲོའུ་ཏེ་ཡིས་མཚོ་སྔོན་པོའི་འགྲམ་གྱི་འབྲོག་པ་བཟང་བོ་གནམ་ལྷ་ཡག་ལ་གཟེངས་རྟགས་གནང་བཞིན་པ།

        མཚོ་སྔོན་ཞིང་ཆེན་ས་རིས་ཐིག་ལེན་ཆ་འཕྲིན་ཅུ་ཡི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཐང་ཆིང་ལི་ཡིས་ཡུལ་ཤུལ་དེང་གི་ཕྱུག་འཚོ་འཛིན་གྲྭའི་ཁྲུན་ཐིན་ཆོས་བཟང་ལ་གཟེངས་རྟགས་གནང་བ།

        དྲ་རྒྱའི་མི་སྣ་གྲགས་ཅན་གྱི་གཟེངས་རྟགས་ཐོབ་མཁན་ལྔ།

        གཟེངས་རྟགས་ཐོབ་མཁན་ཡོངས་ཀྱི་མཉམ་པར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1