ཞི་ཅིན་ཕིང་གིས་ཏུར་ཁེ་ལ་མེ་མདའི་དོན་རྐྱེན་བྱུང་བར་ཏུར་ཁེའི་སྲིད་འཛིན་ཨེར་ཏོ་ཨན་ལ་སེམས་གསོའི་གློག་འཕྲིན་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-03


        སྤྱི་ཟླ་1པའི་ཚེས་2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཟླ་དང་པོའི་ཚེས་གཉིས་གཉིས་ཏུར་ཁེའི་ཡེ་སི་ཏན་པུར་གྲོང་ཁྱེར་དུ་མེ་མདའི་དོན་རྐྱེན་བྱུང་ནས་མི་མང་པོར་རྨས་སྐྱོན་བྱུང་བར་
ཏུར་ཁེ་ཡི་སྲིད་འཛིན་ཨེར་ཏོ་ཨན་ལ་སེམས་གསོའི་གློག་འཕྲིན་བཏང་ནས། རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་དང་། ཨེར་ཏོ་ཨན་སྲིད་འཛིན་དང་རྐྱེན་ལམ་དུ་ཤོར་བ་རྣམས་ཀྱི་ཁྱིམ་མི་དང་རྨས་མ་དག་ལ་ལྷག་བསམ་རྣམ་དག་གིས་སེམས་གསོ་ཞུས།
        ཞི་ཅིན་ཕིང་གིས་ཀྲུང་ཀོའི་ཕྱོགས་ནས་ཐེངས་འདིའི་འཇབ་རྒོད་དོན་རྐྱེན་ལ་རྒོད་གཏམ་དྲག་པོ་གཏོང་བཞིན་ཡོད་ལ། བློ་བརྟན་འགྱུར་མེད་སྒོས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་ངེས། དེ་མིན་ཏུར་ཁེ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྐུལ་ལ་འགོག་ཟོན་དང་ཁ་གཏད་འཇལ་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1