སི་ཁྲོན་འཛམ་ཐང་རྫོང་གི་རྒྱུན་སྤེལ་ཁང་གིས་ཕྱི་རབས་གཞོན་སྐྱེས་རྣམས་ལ་ལས་གཏོད་ཀྱི་ཁོར་ཡུག་ལེགས་པོ་བསྩལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་བ་གསར་འགྱུར་དྲ་བ། སྤེལ་དུས། 01-05


        ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཏི་དང་ཀའོ་ལེ་གཉིས་ཀྱིས་བྲིས་ཤིང་པར་བླངས། ཉེ་ཆར། ཐང་ག་དང་བོད་ལྭ། རྡོ་བརྐོས། བོད་སྤོས་སོགས་ཀྱི་ལག་རྩལ་སྦྱང་ས་སི་ཁྲོན་མཐའ་ཁུལ་གྱི་གྲོང་རྡལ་ཆུང་ཆུང་ཞིག་ཏུ་ལོ་ཟླའི་འགྲོས་དང་བསྟུན་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས།  ཕྱི་རབས་གཞོན་སྐྱེས་རྣམས་ལ་རེ་ལྟོས་ཀྱི་ཕུགས་འདུན་བསྩལ། 
        གཞོན་སྐྱེས་གཟུངས་ཡིག་ནི་ལོ་ཉེར་གསུམ་ཡིན་ཞིང་།  ད་ལྟ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འཛམ་ཐང་རྫོང་དུ་ཐང་ག་འབྲི་བཞེངས་ཀྱི་ལས་ལ་བརྩོན་པ་ཆུ་བོའི་རྒྱུན་ལྟར་སྐྱོང་བཞིན་གདའ། སྔོན་ཆད། ཁོང་གིས་སི་ཁྲོན་དང་ཅང་ཞི། ཀོའུ་ཞི་བཅས་ཀྱི་གྲོང་ཁྱེར་སོ་སོ་ནས་ལས་ཀ་ལ་དཀའ་སྤྱད་སྡུག་རུས་བྱས།  སྐབས་དེར། ཐང་ག་འབྲི་བཞེངས་སློབ་སྦྱོང་བྱེད་པར་རིན་མི་དགོས་པའི་གཏམ་བཟང་ཐོས་འཕྲལ།   གོ་སྐབས་དམ་འཛིན་གྱིས་གནས་འདིར་ཐོན་ནས་ཐང་ག་འབྲི་བཞེངས་ལ་འབད་འབད་དུངས་དུངས་ཀྱིས་བགྲང་བྱ་གསུམ་འདས།
             དགེ་སློབ་རྣམས་ཀྱིས་བརྩོན་པ་ཆུ་བོའི་རྒྱུན་ལྟར་བསྐྱེད་ནས་གྲུབ་པའི་ཐང་གའི་སྒྱུ་རྩལ།
             སི་ཁྲོན་རྔ་བ་ཁུལ་འཛམ་ཐང་རྫོང་གི་རྒྱུན་སྤེལ་ཁང་དུ། གཞོན་སྐྱེས་གཟུངས་ཡིག་གིས་ལོ་ངོ་གསུམ་རིང་ཐང་ག་འབྲི་བཞེངས་བྱེད་པར་གཡུར་དུ་ཟ་བའི་འབྲས་བུ་བླངས།
             སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫོང་གི་རྒྱུན་སྤེལ་ཁང་དུ། བོད་ལྭ་འཚེམ་བཟོ་བྱེད་པའི་སློབ་མ་རྣམས་ཀྱིས་གསར་དུ་བཟོས་པའི་ལྭ་བ་ལྟེབ་བཞིན་པ།   
        འཛམ་ཐང་ནི་བོད་ཁུལ་གྱི་དཔེ་མཚོན་རང་བཞིན་ལྡན་པའི་དབུལ་ཕོངས་རྫོང་ཞིག་ཡིན། 2013ལོར། ས་གནས་མི་དམངས་ཀྱི་ལོ་ཧྲིལ་བོའི་ཆ་སྙོམས་ཡོང་འབབ་ལ་སྒོར3600ཙམ་ལས་མེད། འཛམ་ཐང་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དར་རྒྱས་ཀྱིས། གནས་འདིར་ཕུན་སུམ་ཚོགས་པའི་རང་བྱུང་གི་ཐོན་ཁུངས་དང་བཟོ་གྲྭ་མེད་ཅིང་། ཐ་ན་ཁེ་ལས་ཤིག་ཀྱང་མེད་ཅེས་ཡིད་སེམས་སྐྱོ་བའི་ངང་དེ་སྐད་བཤད། 
             སི་ཁྲོན་རྔ་བ་ཁུལ་འཛམ་ཐང་རྫོང་གི་རྒྱུན་སྤེལ་ཁང་དུ། སློབ་མ་ཞིག་གིས་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་བརྙན་ཅིག་བརྐོས་ཚར་བ།  
             མིག་སྔར། འཛམ་ཐང་རྫོང་སྲིད་གཞུང་གིས་རྒྱུན་སྤེལ་ཁང་བཅུ་ཡི་ཁ་གསབ་རོགས་དངུལ་ནོར་སྲིད་སྔོན་རྩིས་སུ་བཞག་ཅིང་། རྒྱུན་སྤེལ་ཁང་གིས་གསོ་སྦྱོང་གི་གཞི་ཁྱོན་ལ་གཞིགས་ནས་ལོ་རེ་རེ་སྒོར་ཁྲི་གཅིག་ནས་ཁྲི་ལྔའི་བར་གྱི་རོགས་དངུལ་སྟེར་རྒྱུ་རེད། འཛམ་ཐང་རྫོང་གི་རྒྱུན་སྤེལ་ཁང་ཡོད་ཚད་རིན་མེད་སྒོ་འབྱེད་བྱས་པར་མ་ཟད། སློབ་སྦྱོང་སྐབས་སུ། སློབ་མ་རེར་ཟླ་རེ་ལ་རོགས་དངུལ་དུ་སྒོར300སྤྲད་དང་སྤྲོད་བཞིན་ཡོད། 
             སི་ཁྲོན་རྔ་བ་ཁུལ་འཛམ་ཐང་རྫོང་རྒྱུན་སྤེལ་ཁང་གི་བོད་ལྭ་དང་བོད་སྨན་སོགས་སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་བྱེད་པའི་གཞོན་སྐྱེས་སློབ་མ་རྣམས་ཀྱིས་གུང་ཚིགས་ཟོས་རྗེས་ངལ་གསོ་བྱེད་བཞིན་པ།

             སི་ཁྲོན་རྔ་བ་ཁུལ་འཛམ་ཐང་རྫོང་རྒྱུན་སྤེལ་ཁང་དུ་བོད་སྤོས་ལས་སྣོན་བྱེད་པའི་སློབ་མ་དག་གིས། ལས་སྣོན་བྱས་ཟིན་པའི་བོད་སྤོས་བསིལ་སྐམ་བྱེད་བཞིན་པ།

        ཕ་མས་མི་ཚེ་གང་བོར་ང་ལ་སེམས་ཁྲལ་བྱེད་བཞིན་ཡོད། ངས་ཐང་ག་བྲིས་ནས་རྫོང་མཁར་ནས་ཁང་བ་ཆེ་ཞིག་གླ་བ་འམ་ཉོ་རྒྱུ་ཡིན། སྐབས་རེར་ཁང་བ་ཇི་ལྟར་མཛེས་སྤྲས་བྱེད་པར་འདང་ཡང་རྒྱག་བཞིན་ཡོད་ཅེས་གཟུངས་ཡིག་གིས་མ་འོངས་བའི་འཚོ་བ་དང་བྱ་གཞག་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ནས་བཤད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1