གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༡ཚེས་༠༥ཉིན།

དཀར་མཛེས་རྫོང་གི་དབུལ་ཕོངས་དུད་ཚང་983ཁང་པ་གསར་པའི་ནང་སྤོས།



        2016ལོ་ནས་བཟུང་།  དཀར་མཛེས་རྫོང་གིས་མ་དངུལ་གཅིག་འགྱུར་འཆར་འགོད་ལ་ཤུགས་སྣོན་བྱས་ནས་ཁང་བ་མེད་མཁན་གྱི་དུད་ཚང་དང་ཁང་པ་གསར་པ་འཛུགས་མཁན་གྱི་དུད་ཚང་རེ་ལ་སྒོར་ཁྲི་8དང་།  ཁང་པ་རྒྱས་སྐྲུན་བྱེད་པའི་དུད་ཚང་ལ་སྒོར་ཁྲི་4བཅས་ཀྱི་ཚད་གཞི་ལྟར་དབུལ་ཕོངས་དུད་ཚང་ལ་རོགས་སྐྱོར་བྱས། དཀར་མཛེས་རྫོང་གིས་མང་ཚོགས་ཀྱི་སྲོལ་རྒྱུན་གྱི་འདུ་ཤེས་བསྒྱུར་བཀོད་བྱས་ནས།  གསར་སྐྲུན་དུད་ཚང་335དང་རྒྱས་སྐྲུན་དུད་ཚང་648ལ་སྔར་ནས་རང་སྐྲུན་བྱེད་པའི་ཚད་གཞི་གཅིག་འགྱུར་བྱས་ཏེ། ཁང་བའི་ཁྱམས་ར་དང་ཁང་བའི་ནང་གི་སྒྲིག་སྦྱོར། དེ་མིན་མི་དང་སྒོ་ཕྱུགས་གཉིས་དབྱེ་པའི་ཚད་གཞིར་ཞིབ་བཤེར་བྱས་ཏེ་ལེགས་གྲུབ་བྱུང་། རྫོང་ཡོངས་ཀྱི་ཞིང་སྡེའི་སྡོད་ཁང་གི་ཆ་རྐྱེན་ལེགས་པོ་མིན་པའི་དོན་དངོས་གཞིར་བཟུང་ནས་དཀར་མཛེས་ཁུལ་གྱིས་ཞིང་སྡེའི་སྡོད་ཁང་བརྟན་བསྒྱུར་བྱེད་འགོ་བརྩམས།  སྔོན་དཔག་བྱས་པ་ལྟར་ན་2017ལོའི་ཟླ་7པར་ལེགས་གྲུབ་འབྱུང་རྒྱུ་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1