གཙོ་ངོས།>> དེང་རབས་མི་སྣ།>>སྒྱུ་རྩལ་པ།

འཇིགས་མེད། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༢༩ཉིན།

བྱང་ཆུབ་སྒྲོལ་མ།

 
     བྱང་ཆུབ་སྒྲོལ་མ་ནི1947ལོའི་ཟླ་བ1བོར་སི་ཁྲོན་འབའ་ཐང་དུ་སྐྱེས་ཤིང་། 1965ལོར་སི་ཁྲོན་མཛེས་རྩལ་སློབ་གླིང་མི་རིགས་འཛིན་གྲྭ་ནས་སློབ་མཐར་ཕྱིན། མོ་ནི་ཀྲུང་གོའི་མཛེས་རྩལ་ཚོགས་པའི་ཚོགས་མི་དང་། སི་ཁྲོན་མཛེས་རྩལ་ཚོགས་པའི་ཚོགས་མི། ཨ་རིའི་རྒྱལ་སྤྱིའི་རིག་གནས་ཚན་རིག་ཚོགས་པའི་ཚོགས་མི། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཡིག་རིས་སློབ་གླིང་གི་ཡིག་རིས་པ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རིས་པ་བཅས་ཡིན།  
 
    བྱང་ཆུབ་སྒྲོལ་མས་ལོ་མང་པོའི་རིང་ལ་བོད་ཀྱི་སྲོལ་རྒྱུན་རི་མོ་འབྲི་རྩལ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་པ་དང་། བོད་རང་གི་ཁྱད་ཆོས་ལྡན་པའི་མཛེས་རིས་བརྩམས་ཆོས་མང་པོ་ཞིག་གསར་རྩོམ་བྱས། མོའི་བརྩམས་ཆོས་མང་པོ་ཡིས་རྒྱལ་ཡོངས་ཀྱི་མཛེས་རིས་འགྲེམ་སྟོན་ཐེངས་ལྔ་བ་དང་དྲུག་པ། བདུན་པ། རྒྱལ་ཡོངས་གྲངས་ཉུང་མི་རིགས་མཛེས་རིས་འགྲེམ་སྟོན་དང་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་མཛེས་རིས་འགྲེམ་སྟོན་སོགས་སུ་ཞུགས་པར་མ་ཟད། བརྩམས་ཆོས་ཀྱིས་སྔ་ཕྱིར་ཐེངས་དགུ་པའི་རྒྱལ་ཡོངས་མཛེས་རིས་འགྲེམ་སྟོན་ལས་ཕུལ་བྱུང་བྱ་དགའ་དང་། ཞིང་ཆེན་རིམ་པའི་ཨང་རིམ་དང་པོའི་བྱ་དགའ་གཉིས། ཨང་རིམ་གཉིས་པའི་བྱ་དགའ་གསུམ། ཨང་རིམ་གསུམ་པའི་བྱ་དགའ་གསུམ། དངུལ་གྱི་རྟགས་མའི་བྱ་དགའ་སོགས་དགའ་རྟགས་མང་པོ་ཐོབ། སྔ་གཞུག་ཏུ་ཤང་ཀང་། ཨར་ཅི་རི་ཡ། འཇར་པན། སིང་ཀ་ཕོར་སོགས་རྒྱལ་ཕྱི་ནང་ཀུན་དུ་འགྲེམ་སྟོན་དུ་སོང་མྱོང་བའི་བོད་ཀྱི་བུད་མེད་མཛེས་རིས་པ་གྲགས་ཅན་ཞིག་ཡིན་ཞིང་སི་ཁྲོན་ཞིང་ཆེན་གྱི་ཀུན་སྤྱོད་དང་སྒྱུ་རྩལ་ཟུང་ལེགས་ཀྱི་གཟེངས་རྟགས་ཀྱང་ཐོབ་མྱོང་།
 
    1994ལོ་དང་1999ལོ་སྟེ་ཐེངས་གཉིས་ལ་ཐེ་ཝན་དུ་མི་སྒེར་གྱིས་བོད་ཀྱི་མཛེས་རིས་གསར་བ་ཡི་འགྲེམ་སྟོན་ཞེས་པའི་མཛེས་རིས་འགྲེམ་སྟོན་སྤེལ། འབྲེལ་ཡོད་སྡེ་ཁག་གིས་ཀྲུང་གོའི་སྐམ་སའི་སྟེང་གི་མི་རིགས་རིག་གནས་འཕེལ་རྒྱས་ཀྱི་ཁུངས་སྐྱེལ་དཔེ་མཚོན་གྱི་སྒྱུ་རྩལ་མཛེས་ཆོས་རེད་ཅེས་པའི་བསྟོད་བསྔགས་ཐོབ། 2009དང་2010ལོ་སོ་སོར་ཐའེ་ཀྲུང་། ཐའེ་པེ། ཐའེ་ནན་དུ་བྱང་ཆུབ་སྒྲོལ་མའི་མཛེས་རིས་འགྲེམ་སྟོན་ཞེས་པའི་སྐོར་སྐྱོད་འགྲེམ་སྟོན་སྤེལ། ཐའེ་ཝན་དང་སྐམ་ས་ཆེན་པོའི་བར་གྱི་དུང་བའི་བརྩེ་བ་མཚོན་ལ་རིག་གནས་བརྗེ་རེས་བྱེད་པའི་འབྲེལ་ཟམ་ཞིག་བཙུགས་ཡོད། ། 



 

 

  

39.7K

རྩོམ་ཡིག་སྔོན་མ།
དཔལ་བསྡུས།
རྩོམ་ཡིག་རྗེས་མ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1