གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༡ཚེས་༠༦ཉིན།

རོང་བྲག་རྫོང་གིས་དབུལ་ཕོངས་སློབ་མར་རོགས་དངུལ་སྤྲད་པ།

        ཉེ་ལམ། རོང་བྲག་རྫོང་གིས་2016ལོའི་ཡིག་ཚགས་བཟོས་པའི་དབུལ་ཕོངས་སློབ་མར་རོགས་དངུལ་སྤྲོད་པའི་མཛད་སྒོ་སྤེལ། 2016ལོའི་ཡིག་ཚགས་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་269ལ་རོགས་དངུལ་སྒོར་ཁྲི་49.5སྤྲད། 
        ཡིག་ཚགས་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མའི་རོགས་སྒྲུབ་ལས་ཀ་ལེགས་པོར་བསྒྲུབ་ཆེད། རོང་བྲག་རྫོང་གིས་ཚད་མཐོན་པའི་མཐོང་ཆེན་བྱས་ཤིང་ཐབས་ལམ་སྣ་མང་སྤྱད་དེ་དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་གཅིག་ཀྱང་སློབ་སྦྱོང་གི་གོ་སྐབས་ཤོར་དུ་མི་འཇུག་པའི་དམིགས་ཡུལ་ལྟར་སློབ་གསོ་ཅུས་ཀྱི་འགན་འཛིན་པས་གཙོ་འགན་བཞེས་ཏེ་ལས་ཀའི་འགོ་ཁྲིད་ཚན་ཆུང་བཙུགས་པར་མ་ཟད། རྫོང་སློབ་གསོ་ལུས་རྩལ་ཅུས་སུ་སློབ་གསོའི་རོགས་སྐྱོར་གྱི་གཞུང་སྒྲུབ་ཁང་བཙུགས་ནས་ཆེད་དུ་མི་སྣ་བཀོད་སྒྲིག་བྱས་ཏེ་ལས་ཀ་ལག་བསྟར་བྱས་ཏེ་སློབ་གསོའི་རོགས་སྐྱོར་ལས་ཀ་དེ་རྫོང་ཡོངས་ཀྱི་གཙོ་གནད་ལས་ཀའི་ཁྲོད་བཞག

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1