མཛེས་སྡུག་ལྡན་པའི་ཏུའུ་ལན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-06


        2017ལོའི་གནམ་ལོ་གསར་དུ་ཚེས་པའི་དུས་འདིར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་གི་ཡུལ་སྐོར་ཅུས་དང་། མཚོ་ནུབ་ཁུལ་པར་ལེན་མཁན་མཐུན་ཚོགས། ཏུའུ་ལན་རྫོང་རི་ཀླུང་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་བྱས་ནས་གཉེར་བའི་"མཛེས་སྡུག་ལྡན་པའི་ཏུའུ་ལན་"ཞེས་པའི་རི་ཀླུང་སྲོག་ཆགས་དང་རྩི་ཤིང་ལྟ་སྐོར་དང་དགུན་དུས་ཡུལ་སྐོར་པར་ལེན་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། ཚྭ་འདམ་གྱི“ལྗང་གླིང”དུ་འབོད་པའི་ཏུའུ་ལན་རྫོང་ནི་མཚོ་བོད་མཐོ་སྒང་གི་དཀྱིལ་ཁུལ་དང་འཛམ་གླིང་དུ་སྐད་གྲགས་ཆེ་བའི་ཚྭ་འདམ་གཞོང་སའི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། གནའ་བོའི་དར་གོས་ལྷོ་ལམ་ཤར་ནས་ནུབ་ཏུ་ཏུའུ་ལན་རྫོང་ཡོངས་སུ་བརྒྱུད་ཅིང་། རང་བྱུང་མཛེས་ལྗོངས་ཕུན་སུམ་ཚོགས་པ་དང་ལོ་རྒྱུས་རིག་གནས་གཏིང་ཟབ་པོས་ཏུའུ་ལན་གྱི་ཁྱད་དུ་འཕགས་པའི་ཆ་རྐྱེན་བསྐྲུན་ཏེ་ཡིད་དབང་རབ་ཏུ་འཕྲོག་པའི་མཐོ་སྒང་གཞོང་སའི་རི་མོ་ཞིག་གྲུབ་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1