ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་བྱ་བའི་སྔོན་ཐོན་ཐུན་མོང་དང་ངལ་རྩོལ་དཔེ་ལེགས་ཅན། སྔོན་ཐོན་བྱ་བ་སྒྲུབ་མཁན་བཅས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་མི་དམངས་ཚོགས་ཁང་ཆེན་མོར་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-06


        ཟླ་དང་པོའི་ཚེས་ལྔ་ཉིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་བྱ་བའི་སྔོན་ཐོན་ཐུན་མོང་དང་ངལ་རྩོལ་དཔེ་ལེགས་ཅན། སྔོན་ཐོན་བྱ་བ་སྒྲུབ་མཁན་བཅས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཀྱིས་ཚོགས་འདུར་ཞུགས་པའི་བློ་མཐུན་རྣམས་ལ་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གནང་།
        ཀྲང་ཀའོ་ལི་ཡིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་ངལ་རྩོལ་དཔེ་ལེགས་ཅན། སྔོན་ཐོན་བྱ་བ་སྒྲུབ་མཁན་བཅས་ལ་རྟེན་འབྲེལ་ཞུས་པ་དང་། ལས་ཁུངས་ལས་དོན་སྡེ་ཁག་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བར་བརྩེ་བའི་འཚམས་འདྲི་ཞུས། 
        ཀྲང་ཀའོ་ལི་ཡིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་བྱ་བས་ཐད་ཀར་དུ་ཏང་ཀྲུང་དབྱང་དང་རྒྱལ་སྤྱི་ཁྱབ་ཁང་། ལས་ཁུངས་དང་སྡེ་ཁག་སོ་སོར་ཞབས་ཕྱིའི་འགན་སྲུང་འདོན་སྤྲོད་བྱས་པ་དང་། དེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱེད་པར་འབྲེལ་བ་ཡོད་པ་དང་ཏང་སྲིད་ལས་ཁུངས་ཀྱི་ཕན་འབྲས་མཐོ་བའི་འཁོར་རྒྱུག་ལ་འབྲེལ་བ་ཡོད་ལ། ལས་བྱེད་པ་དང་ལས་བཟོ་བའི་ཁེ་ཕན་ལའང་འབྲེལ་བ་ཡོད། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གཅིག་གྱུར་བྱ་དགོས། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་འཆར་འགོད་རྒྱུན་འཁྱོངས་བྱས་ཏེ་ལས་ཁུངས་ཀྱི་ལས་དོན་བྱ་བ་བཟང་བོར་བསྒྲུབ་ནས་ལས་འགན་སྣ་ཚོགས་ལྷག་འགྲུབ་བྱ་དགོས་ཞེས་བསྟན།  

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1