ཨ་རིའི་མཁའ་བསྐྱོད་ཅུས་ཀྱིས་ཉི་མའི་ཁྱིམ་རྒྱུད་ཀྱི་གནང་བོའི་ལོ་རྒྱུས་ལ་རྟོག་མྱུལ་བྱས།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-06



        སྤྱི་ཟླ་1པོའི་ཚེས་4ཉིན། ཨ་རིའི་མཁའ་བསྐྱོད་ཅུས་(NASA)ཀྱིས་འཆར་འགོད་ཀྱི་རྣམ་གྲངས་གསར་པ་གཉིས་ཁྱབ་སྒྲོག་བྱས། མི་འགྱངས་པར་འཁོར་སྐར་ཆུང་ཆུང་ཕྱོགས་ལ་མི་མེད་པའི་འཕུར་ཆས་ཤར་གཏོང་བྱས་ཏེ་གནའ་བོའི་ཉི་མའི་ཁྱིམ་རྒྱུད་ལ་རྟོག་ཞིབ་བྱ་འཆར་འདུག 
        འཆར་འགོད་སོ་སོར་ལུའུ་ཞི་(Lucy)དང་ཕུའུ་སའེ་ཁོ་(Psyche)ཞེས་མིང་བཏགས་ཤིང་། ཨ་རིའི་འཇིག་རྟེན་འཕུར་བསྐྱོད་ཅུས་ཀྱི་འཆར་འགོད་ལྟར་ན་སྤྱི་ལོ་2021ལོའི་སྤྱི་ཟླ་10པར་མཁའ་དབྱིངས་འཕྲུལ་མི་ལུའུ་ཞི་ཤར་གཏོང་བྱ་རྒྱུ་ཡིན་པ་དང་། ལུའུ་ཞིའི་དམིགས་ཡུལ་ནི་ཐེ་ལུའོ་དབྱི་ཚོགས་པའི་འཁོར་སྐར་ཆུང་ཆུང་ཞིབ་འཇུག་བྱ་རྒྱུ་དེ་ཡིན་པ་རེད། ཕུའུ་སའེ་ཁོ་ནི་སྤྱི་ལོ་2023ལོར་ཤར་གཏོང་བྱེད་པའི་འགོ་བརྩམས་རྒྱུ་ཡིན་པ་དང་། འདིས་གཞི་ཁྱོན་ཆེས་ཆེ་ཞིང་ཆེས་དཀོན་པའི་ལྕགས་འཁོར་སྐར་ཏེ་16 Psycheལ་རྟོག་ཞིབ་བྱ་རྒྱུ་རེད། །


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
༄༅།། གངས་བྱིའུ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1