༄༅།། གངས་བྱིའུ།

རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-06


        གངས་བྱིའུ་ནི་མཚོ་ངོས་ལས་སྨི་2500ནས་སྨི་4000ལྷག་གིས་མཐོ་བའི་རི་བོ་དང་རྩྭ་ཐང་། བྲག་རི་སོགས་སུ་གནས་ལ་གྲངས་འབོར་ཅུང་མང་། དབྱར་དུས་དང་སྐྱེ་འཕེལ་དུས་རིམ་ནང་མང་ཆེ་བ་ཆ་རེ་བྱས་ཏེ་འགྲོགས་ཡོད་ཅིང་དགུན་དུས་ཁྱུ་ཆུང་ཆུང་སྒྲིག་ནས་འཚོ་སྡོད་བྱེད། དུས་ཚིགས་ཀྱི་འགྱུར་བ་དང་བསྟུན་ནས་འགུལ་སྐྱོད་ས་ཁོངས་བརྗེ་སྤོར་བྱེད་པ་ཡིན། 
        མདོ་དབུས་མཐོ་སྒང་ནི་གངས་བྱིའུ་འཚོ་སྡོད་བྱེད་སའི་ཕ་གཞིས་ཆེ་ཤོས་ཡིན་ལ་འདི་རུ་གངས་བྱིའུ་རིགས་ཀྱང་མང་པོ་ཡོད། གཟུགས་གཞིའི་རིག་པ་དང་རྒྱུད་འཛིན་རིག་པ། སྐྱེ་ཁམས་རིག་པ་དང་ས་ཁམས་རིག་པ་བཅས་ཚན་རིག་རིག་ཚན་མང་པོས་ཞིབ་འཇུག་འབྲས་བུ་ལྟར་ན་གངས་བྱིའུ་ལ་རིགས་ཁ་ཤས་དབྱེ་རྒྱུ་ཡོད་ཅིང་དེ་དག་ནི་རྒྱབ་སྨུག་གངས་བྱིའུ་དང་གངས་བྱིའུ་སྐེ་ནག སྒལ་དཀར་གངས་བྱིའུ། གཤོག་སྨུག་གངས་བྱིའུ་བཅས་ཡོད་པ་རེད། དེ་ལས་མདོ་དབུས་མཐོ་སྒང་གི་གདོད་མའི་རྣམ་པ་འགྱུར་ནས་ད་ལྟའི་འདི་འདྲར་གྱུར་པ་དང་ད་ལྟའི་ཁྱད་མཚར་གྱི་རི་མཐོའི་ཁྱབ་ཁོངས་ཀྱི་རྣམ་པ་འདི་ལྟ་བུ་ཞིག་གྲུབ་པ་རེད། 

        འཕུར་སྐྱོད་ཀྱི་རྒྱང་ཐག་མི་རིང་སྟེ་སྨི་5ནས་50ཙམ་ཡིན། འཕུར་སྐྱོད་མཐོ་ཚད་ཀྱང་ས་ངོས་ནས་སྨི་5ནས་20ཡས་མས་ཡིན། དུས་རྒྱུན་དུ་མཐོ་སར་བུད་ནས་ཅིར་ཅིར་དུ་གྲགས་པར་དགའ་ཞིང་མི་ལ་དེ་འདྲའི་མི་སྐྲག
        ཟླ་ལྔ་བ་ནས་ཚང་བཅའ་མགོ་རྩོམ་ལ་གྱང་སྲུབས་དང་རྫ་སྲུབས། ཡང་ན་ཨ་བྲའི་ཁུང་བུ་སོགས་སུ་ཚང་འཆའ་བཞིན་ཡོད། ཕོ་མོ་གཉིས་ཀས་ཚང་བཅའ་བ་དང་ཚང་གི་ཕྱི་རོལ་དུ་རྩྭ་སྐམ་པོ་དང་ནང་རོལ་དུ་ལུག་བལ་དང་སྒྲོ་སྤུ་སོགས་བཞག་ཡོད། བཏང་བའི་སྒོ་ངའི་ལྗིད་ཚད་ལ་ཁེ་2.5དང་ཆེ་ཆུང་ལ་ཧའོ་སྨི་21ནས་སྨི་6ཙམ་ཡོད། ཁ་ཟས་གཙོ་བོར་རྩྭ་ཐང་གི་གནོད་འབུ་ཟ་བ་ཡིན་པས་རྩྭ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་བྱ་རིགས་གལ་ཆེན་ཞིག་ཡིན། ། 
        སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1