ལྷ་ས་གྲོང་ཁྱེར་གྱི་གྲོང་སྐོར་གཞུང་ལམ་གྱི་སྤྱིའི་སྒྲིག་གཞི་ལེགས་འགྲུབ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-09



      ཞིན་ཧྭ་གསར་འགྱུར་དྲ་བའི་འཕྲིན་ལྟར།  ལྷ་ས་གྲོང་ཁྱེར་གྱི་གྲོང་སྐོར་གཞུང་ལམ་ནི་བོད་ལྗོངས་ཀྱི་ཆེས་ཐོག་མར་ཆོག་མཆན་ཐོབ་པའི་གཙོ་གནད་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ཞིག་ཡིན། འབྲེལ་ཡོད་མི་སྣས་ངོ་སྤྱོད་བྱས་པ་ལྟར་ན། མིག་སྔར་ལས་གཞི་འདིའི་སྤྱི་སྒྲིག་གཞི་ལེགས་འགྲུབ་བྱུང་ཞིང་ལམ་ཚིགས་ཁ་ཤས་སུ་རླངས་འཁོར་ཤར་གཏོང་བྱེད་པའི་ཆ་རྐྱེན་འཛོམས་པ་རེད། སྐོར་ལམ་འདི་ལེགས་པར་འགྲུབ་རྗེས་ལྷ་ས་གྲོང་ཁྱེར་གྱི་གཞུང་ལམ་འགག་པའི་གནད་དོན་ཐག་གཅོད་བྱེད་པར་ཕན་ནུས་གལ་ཆེན་ལྡན་པར་མ་ཟད། སྟབས་བདེ་པའི་ཕྱི་ཕྱོགས་འགྲུམ་འགྲིལ་མ་ལག་གི་འཛུགས་སྐྲུན་དང་། གྲོང་ཁྱེར་ཅན་གྱི་སྐུལ་སྤེལ་དང་གྲོང་མཁར་རྙིང་བའི་སྲུང་སྐྱོབ་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།། 


རྩོམ་ཡིག་སྔོན་མ།
སྙན་ངག་པའི་མཚན་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1