གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༣༠ཉིན།

ཕན་ཅི་ཝུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྲིམས་འགལ་སྨན་རྫས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་སྐུལ་མ་བཏང་།

        ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཡིན་པ་དང་།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཉིན་དེར་ཞུ་ཚིག་ཕུལ་ཏེ།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྲིམས་འགལ་སྨན་རྫས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་སྐུལ་མ་བཏང་།
ཕན་ཅི་ཝུན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར།ཁྲིམས་འགལ་གྱིས་སྨན་རྫས་སྐྱེལ་འདྲེན་བྱེད་པ་དང་གང་འདོད་དུ་བཀོལ་བའི་བྱ་སྤྱོད་ཀྱིས་འཛམ་གླིང་ཡོངས་ཀྱིས་མིའི་རིགས་ཀྱི་དར་རྒྱས་འདྲ་མཉམ་ལ་ཡར་སྐུལ་བྱེད་པའི་བྱ་བར་གནོད་འཚེ་རང་བཞིན་ལྡན་པའི་མཇུག་འབྲས་བྱུང་།ཁོས་བསྟན་དོན།ལོ་རེར་མི་འབུམ་གཉིས་ལྷག་སྨན་རྫས་ཚད་ལ་བརྒལ་བའི་དབང་གིས་ཚེ་སྲོག་ཤོར་བཞིན་ཡོད་པ་དང་།ཁྲིམས་འགལ་གྱི་སྨན་རྫས་ལས་ད་རུང་དྲག་ཤུགས་དང་ནག་ཉེས་བྱ་སྤྱོད་འབྱུང་བཞིན་ཡོད་ཟེར།
        ཕན་ཅི་ཝུན་གྱིས་བཤད་རྒྱུར།འཁྲུག་རྩོད་དང་དཔལ་འབྱོར་ཉམས་རྒུད་ལས་ཐར་མ་ཐག་པའི་རྒྱལ་ཁབ་དག་གིས་ཕྱི་ཕྱོགས་ནས་ཡོང་བའི་ཁྲིམས་འགལ་སྨན་རྫས་ལ་ཐག་གཅོད་ཀྱི་ནུས་པ་ཆེན་པོ་མེད་སྟབས།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་དེ་དག་ལ་རོགས་སྐྱོར་བྱས་ཏེ་ཁྲིམས་འགལ་སྨན་རྫས་ལ་ཆམ་ཕབ་བཏང་ནས།ཚོད་འཛིན་བྱེད་དཀའ་བའི་ཚད་དུ་བསླེབ་པར་སྔོན་འགོག་བྱེད་རྒྱུའི་ཆོད་སེམས་ཡོད་ཟེར།ཕན་ཅི་ཝུན་གྱིས་བཤད་རྒྱུར།རྒྱལ་སྤྱིའི་དུག་འགོག་ཉིན་མོའི་སྐབས་སུ།ངས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྲིམས་འགལ་སྨན་རྫས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་བའི་སྐུལ་མ་བཏང་བ་དང་།ཁྲིམས་འགལ་སྨན་རྫས་ལ་ཆམ་ཕབ་གཏོང་བ་དེ་བདེ་འཇགས་དང་རྒྱུན་མཐུད་ཀྱི་མ་འོངས་པ་འཛུགས་སྐྲུན་བྱེད་པར་མེད་དུ་མི་རུང་བའི་གནད་དོན་གལ་ཆེན་ཞིག་ཏུ་འཛིན་དགོས་ཟེར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1