སྡེ་རོང་རྫོང་གིས་ནན་ཏན་སྒོས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་ཀ་ལག་བསྟར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-10


        ད་ལོ་ནས་བཟུང་། སྡེ་རོང་རྫོང་གིས་བྱེད་ཐབས་བཞི་སྤྱད་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་ཀ་ལག་བསྟར་བྱས།
        ཤུགས་ཆེན་པོས་འགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ་འགན་ཁུར་དོན་འཁྱོལ་བྱས་པ་སྟེ། དུས་ཐོག་ཏུ་རྫོང་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མཛུབ་སྟོན་པུའུ་ཡི་མི་སྣ་དང་ལས་ཁུངས་སྙོམས་སྒྲིག་བྱས་ནས་གཟབ་ནན་གྱིས་འགན་ལེན་ལྔའི་ལམ་ལུགས་ལག་བསྟར་དང་རྫོང་ཡོངས་ཀྱིས་ཡུལ་ཤོག་དང་གྲོང་རྡལ་12 ནགས་ལས་ས་ཚིགས་12 སྲིད་འཛིན་སྡེ་བ་127 སྐོར་ཞིབ་པ་134 ཞིང་འབྲོག་དུད་ཁྱིམ་3601བཅས་ལ་རིམ་བཞིན་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་འགན་ལེན་ཡི་གེ་3886ལ་མིང་རྟགས་བཀོད་ནས་འགན་ལེན་མ་ལག་གྲུབ། དེ་མིན་གཞན་ད་དུང་དྲིལ་བསྒྲགས་ལ་ཤུགས་སྣོན་བྱས་ཏེ་དམངས་ཡོངས་ཀྱི་མེ་ཟོན་འདུ་ཤེས་མཐོར་འདེགས་སུ་བཏང་བ་དང་། མི་མངོན་པའི་དོན་རྐྱེན་ལ་ཞིབ་བཤེར་བྱས་ནས་མེ་འབྱུང་རྩ་ལ་དོ་དམ་བྱས་པ། ཤུགས་ཆེན་པོས་འཕྲལ་མྱུར་ལམ་ལུགས་ལག་བསྟར་བྱས་ཏེ་ལས་རེས་ལས་སྲུང་ལ་ཤུགས་སྣོན་བྱས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1