མཉན་དཔོན་གྱི་གླུ།(ཞར་བཀོད་གཅིག)

ན་རོ། [ལྷ་ས] རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།སྦྲང་ཆར། སྤེལ་དུས། 01-11


གཙང་བོའི་ཟུར་མིག ངའི་གྲུ་ཤན་འདོགས་སའི་ཕུར་བ་ཡིན།

རབ་ཁའི་རྨ་རྙིང་། ངའི་གཞས་ཆུང་ལེན་སའི་སྒོ་ར་ཡིན།

ཆུང་དུས། ཐན་པས་འཁྱེར་བའི་སྐོམ་གདུང་དེའི་དྲིན་ལ།

གཞོན་དུས། ལྷ་སྐད་ཀྱི་ཟིལ་བ།

གཙང་བོའི་གཞུང་ནས་འཚེར་བར་སྒུག

པང་གཅལ་སྟེང་གི་ཞབས་རྗེས་མ་ལུས།

གཙང་འགྲམ་ལ་མེ་ཏོག་བཞིན་བྱོ།

ཕ་རིའི་རྡུལ་ཚུབ་ཀྱིས་གཡོས་པའི་དར་ལྕེ་ཁྲ་བོ།

ཤ་གསེང་ན་ལུས་པའི་བུ་ལོན་ཞིག་དང་འདྲ།

སྐབས་རེར། སྲོག་གི་རྒྱང་མཐོང་གཡར་ནས་ལྟ་དུས།

སྙིམ་པའི་ནང་གི་ཡོན་ཆབ།

གངས་རི་མཐོང་བྱེད་ཀྱི་མེ་ལོང་དང་འདྲ།

གྲུ་ཁ་འདི་ནས། ཕྱིར་བལྟས་སློག་མཁན་གྱི་གཏམ་རྒྱུད་བསྒྲུགས་ཏེ།

རྒྱུ་སྐར་གྱི་གསེང་ལ་ཡང་ཡང་སྦས།

སྤྲིན་པ་ས་བཀྲ་འཁུར་བ་ཅན་ཞིག་ལ།

ཡིད་ངོར་བསྙལ་པའི་ཞོ་གསར་འབུལ་མ་ཐུབ་ནའང་།

གྲུ་ཤན་རྟ་མགོས་ང་ལ་ངག་སྨྲས་བྱུང་།

གཙང་བོའི་ཕར་ཚུར་ནས།

རྨི་ལམ་གྱི་དགུན་གྲོའང་ས་ཁར་བུད་བྱུང་།

ས་དྲི།

——སྒོ་ཡག་བསོད་བཀྲར་བྲིས་པ།

ང་སྡོང་སྐམ་ཞིག་ལྟར་ཡོད་དུས་ཤིག་ལ།

ཁྱེད་ཀྱིས་བདག་ལ་སྒོ་ཡག་གི་ཆར་སྤྲིན་ཁྱེར་ཏེ་འོངས།

ཁྱེད་ཀྱིས་རང་ཉིད་སྐོམ་པ་ཞིག་ཏུ་བསྒྱུར་ཏེ།

ཕྲན་གྱི་ཁ་ལྕེ་ཡང་ཡང་བངས།

དབྱངས་ཀྱི་གཙང་བོ་རྟ་རྔ་འདྲ།

སྐད་ཆའི་གཟོང་ཁ་ཤིང་མཚེ་འདྲ།

ཉམས་ཀྱི་ལྷན་པ་གཉེར་མ་འདྲ།

ང་ནི་གྲིབ་མའི་ཐོ་ཡོར་འདྲ།

མི་རྣམས་རྟག་ཏུ་རོ་གོག་ལས་འཕུར་ཅིང་འཁྱུག་ནའང་།

ཁྱེད་ཀྱིས་སྒོ་ཡག་ནས་སོན་བཏབ། གཡུལ་བཅགས།

ཕྱོགས་འགྲུལ་རྣམས་ལ་ཞིང་པའི་བསོད་བདེ་གླེང་།

ནས་འབྲུའི་དབྱངས་ལས་ཚ་བར་གཡོལ་བཞིན།

སྦུན་པ་ལྟ་བུའི་རྒྱང་རིང་།

རང་གི་ཇ་དཀར་ནང་དུ་ཤར་བར་བྱས།

ཁྱེད་ཀྱི་མེ་སྟག་གིས་ཁོ་བོའི་ཇ་འཁྱག་མི་དྲོས་ནའང་།

སྒྲིབ་པའི་ས་ལུད་འཚིག་བྱེད་ལ་ངག་གི་མེ་ཁ་སོས།

སྒོ་ཡག་གི་ཞིང་པ་ཁྱེད་ལ།

ཕ་ཡུལ་ལྟ་བུའི་ས་དྲི་ཞིམ་པོ་ཞིག་དྲོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1