ཨུ་རུ་སི་དང་ཨོ་སི་ཁྲུ་རི་ཡཱ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ངེས་པར་དུ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཁྲག་བཞུར་དོན་རྐྱེན་ལ་བཀག་འགོག་བྱེད་དགོས་པའི་བསམ་ཚུལ་བསྟན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨོ་སི་ཁྲུ་རི་ཡཱའི་ཙུང་ཐུང་ཧྥེ་ཧྲི་ཨར་གཉིས་ཀྱིས་ཚེས་ཉེར་བཞིའི་ཉིན་ཝེ་ཡེ་ནཱ་ནས་བསྟན་དོན། ངེས་པར་དུ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་ཁྲག་བཞུར་དོན་རྐྱེན་མུ་མཐུད་དུ་འབྱུང་བར་བཀག་འགོག་བྱེད་དགོས་པའི་ཚུལ་བསྟན་པ་དང་། ཕྱོགས་གཉིས་ཀྱིས་ཤར་ཕྱོགས་ས་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་གཟའ་འཁོར་གཅིག་རིང་གི་འཁྲུག་རྩོད་མཚམས་འཇོག་པའི་དུས་ཚོད་ཇེ་རིང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
         ཕུའུ་ཅིན་གྱིས་ཧྥེ་ཧྲི་ཨར་དང་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉིན་བདུན་ལ་འཁྲུག་རྩོད་མཚམས་འཇོག་པ་དེ་དུས་ཡུན་ཧ་ཅང་ཐུང་དྲགས་པས་ངེས་པར་དུ་གྲོས་མཐུན་ཞིག་འགོད་དགོས་ཟེར། ཁོས་བསྟན་དོན། འཁྲུག་རྩོད་མཚམས་འཇོག་པར་གྲོས་མོལ་བྱས་པ་ཙམ་གྱིས་མི་ཆོག་པར་ངེས་པར་དུ་ངོ་བོ་རང་བཞིན་ལྡན་པའི་གྲོས་མོལ་སྤེལ་དགོས་ལ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་སྡོད་དམངས་དག་གིས་ངེས་པར་དུ་ཁོ་ཚོའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་སྣང་ཚུལ་མཐོང་དགོས་ཟེར།
        ཧྥེ་ཧྲི་ཨར་གྱིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡི་ཞི་བདེའི་འཆར་གཞི་ནི་ཐབས་ལམ་བཟང་བོ་ཞིག་ཡིན་པ་དང་། ཐོག་མར་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཇེ་རིང་དུ་གཏོང་དགོས་ཟེར། ཁོས་བཤད་རྒྱུར། གལ་ཆེ་བ་ནི་ཤར་ཕྱོགས་ས་ཁུལ་གྱི་དྲག་ཆས་མི་སྣར་མཚོན་ཆ་སོགས་མཁོ་འདོན་བྱེད་མི་རུང་བ་དང་། ཅི་ཧྥུའུ་ཡིས་ཀྱང་ངེས་པར་དུ་བྱས་རྗེས་འཇོག་དགོས་ལ། ཤར་ཕྱོགས་དམངས་ཁྲོད་ཀྱི་དྲག་ཆས་པ་དང་ནན་ཏན་གྱིས་གྲོས་མོལ་བྱེད་པར་དགོས་གལ་ཧ་ཅང་ཆེ་ཟེར།
      ཧྥེ་ཧྲི་ཨར་གྱིས་ཁོ་དང་ཕུའུ་ཅིན་བར་ཁི་ལི་མུས་ཡཱའི་གནད་དོན་ཐད་འགལ་བ་ཡོད་པ་ཁས་ལེན་བྱས།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1