སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་རྒྱལ་ཁབ་ཀྱི་གྲུ་ཁ་འཕེལ་རྒྱས་འཆར་འགོད་ནང་ཚུད་པ།

ཚེ་དོན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། སྤེལ་དུས། 01-12


        ཉེ་ཆར་མཚོ་འགག་སྤྱི་ཁྱབ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་གྲུ་ཁའི་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་དཔར་འགྲེམ་བྱེད་པའི་སྤྱི་བསྒྲགས་སྐོར་གཤམ་སྤེལ་བྱས་ཤིང་།  བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་ནི་རྒྱལ་ཁབ་ཀྱི་གྲུ་ཁ་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ནང་ཚུད་ཡོད་པ་མ་ཟད། དེ་ནི་ཡུན་ནན་ཞིང་ཆེན་དུ་རྒྱལ་ཁབ་ཀྱི་གྲུ་ཁའི་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ནང་ཚུད་པའི་མཁའ་ལམ་གྱི་གྲུ་ཁ་གཅིག་པུ་རེད།
        ཉེ་བའི་ལོ་འགའི་རིང་ལ། སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་ནི་བདེ་ཆེན་བོད་ཁུལ་གྱི་ཆེས་གལ་ཆེ་བའི་རྨང་གཞིའི་སྒྲིག་ཆས་ཤིག་ཡིན་པའི་ཆ་ནས། བདེ་ཆེན་བོད་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས་ཁྲོད་ནུས་པ་མི་དམན་པ་ཞིག་བཏོན་ཡོད། ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གི་གྲུ་ཁ་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ལས་ཀར་ཚད་མཐོའི་གཙིགས་ཆེན་གནང་ནས་གནམ་གྲུ་ཐང་ཕྱི་ཕྱོགས་ལ་སྒོ་འབྱེད་པ་ནི་རང་ཁུལ་གྱིས་སེམས་ཀྱི་ཉི་ཟླ་ཆེན་མོའི་ཡུལ་སྐོར་ལྟེ་བའི་ས་ཁུལ་འཛུགས་པ་དང་། རྒྱལ་སྤྱིའི་ཡུལ་སྐོར་དམིགས་ས་བསྐྲུན་པར་བརྩིས་ནས་ཡུན་ནན་བོད་ཁུལ་མཆོང་སྐྱོད་འཕེལ་རྒྱས་གཏོང་བའི་བྱ་ཐབས་གཙོ་བོ་ཞིག་ཀྱང་ཡིན་པ་རེད། བར་སྐབས་སུ་ཁུལ་དཔོན་ཆི་ཅན་ཞིན་གྱིས་ཚོགས་པའི་སྣེ་ཁྲིད་ནས་རྒྱལ་ཁབ་གྲུ་ཁའི་གཞུང་ལས་ཁང་ལ་ལས་ཀའི་སྙན་སེང་ཞུས་ཤིང་། རྒྱུན་ལས་ཁུལ་དཔོན་གཞོན་པ་ནོར་བུ་ཚེ་རིང་ཀྲུང་དབྱང་བོད་ལྗོངས་གཞུང་ལས་ཁང་དུ་སོང་ནས་རོགས་སྐྱོར་དང་རམ་འདེགས་གནང་རྒྱུའི་རེ་འདུན་ཞུས། ཁུལ་སྲིད་གཞུང་གི་འགོ་ཁྲིད་ཁ་ཤས་ཀྱིས་ཐེངས་མང་བོར་ཚོགས་པ་ཁྲིད་ནས་ཞིང་ཆེན་སྲིད་གཞུང་དང་།  རྒྱལ་ཁབ་གྲུ་ཁའི་གཞུང་ལས་ཁང་།  ཞིང་ཆེན་གྲུ་ཁའི་གཞུང་ལས་ཁང་།  ཁུན་མིང་མཚོ་འགག  ཡུན་ནན་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཅུས་སོགས་ལས་ཁུངས་ནང་བསྐྱོད་དེ་ལས་ཀ་ཡར་ཞུ་བྱས་ཡོད།ཁུལ་མི་དམངས་སྲིད་གཞུང་གིས་རྟོག་ཞིབ་ཚོགས་པ་རྩ་འཛུགས་བྱས་ནས་བོད་ཁུལ་གཞན་དུ་བསྐྱོད་དེ་གྲུ་ཁ་སྒོ་འབྱེད་པའི་གནས་ཚུལ་ལ་རྟག་དཔྱད་གནང་ཡོད་ཅིང་།  བདེ་ཆེན་གྱི་གནམ་གྲུ་ཐང་གི་གྲུ་ཁ་སྒོ་འབྱེད་པ་ནི་བོད་ཁུལ་དུ་ལག་བསྟར་བྱེད་ཆོག་པའི་རང་བཞིན་དང་དོན་སྙིང་གལ་ཆེན་ཕྱོགས་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ། སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་ནི་རྒྱལ་ཁབ་ཀྱི་གྲུ་ཁ་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ནང་ཚུད་པར་རྨང་གཞི་བརྟན་པོ་བཏིང་ཡོད།  

      ཟླ་དང་པོའི་ཚེས5ཉིན། སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གི་གྲུ་ཁ་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་རེ་ཞུ་དང་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་སྐུལ་སྤེལ་ལས་ཀའི་གྲོས་ཚོགས་འཚོགས་པ་དང་། ཁུལ་ཚོང་དོན་ཅུས་ཀྱི་འགན་འཁུར་བས་ལོ་གཉིས་རིང་གི་ལས་ཀའི་གནས་ཚུལ་མཚམས་སྦྱོར་བྱས་ཡོད། མིག་སྔར། བདེ་ཆེན་སེམས་ཀྱི་ཉི་ཟླའི་གྲུ་ཁ་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ལས་ཀ་གོ་རིམ་ཡོད་པའི་ངང་ནས་སྒྲུབ་བཞིན་པའི་སྒང་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1