དཔལ་ཡུལ་རྫོང་གིས་གཤམ་སྤེལ་ལྔའི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-12


        ཁམས་པའི་རྒྱ་ཡིག་དྲ་བར་སྤེལ་བའི་གསར་འགྱུར་ལྟར་ན། ཉེ་ལམ། དཔལ་ཡུལ་རྫོང་གིས་སྲིད་ཇུས་དང་རིག་གནས། འཕྲོད་བསྟེན་དང་ཚན་རྩལ། ཁྲིམས་ལུགས་བཅས་གཅིག་ཏུ་བསྡུས་པའི་གཤམ་སྤེལ་ལྔའི་བྱེད་སྒོ་སྤེལ།
        བྱེད་སྒོའི་ཁྲོད་བོད་སྐད་ཀྱི་ལམ་ནས་དབུལ་སེལ་འགག་སྒྲོལ་སོགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱས་པར་མ་ཟད། གསར་དུ་རྩ་འཛུགས་བྱས་པའི་རྫོང་སྒྱུ་རྩལ་ཚོགས་པས་ནང་དོན་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས། དེ་མིན་རྫོང་མི་དམངས་སྨན་ཁང་དང་བོད་སྨན་ཁང་གིས་སྨན་བཅོས་མི་སྣས་ཡུལ་དངོས་ནས་ནད་པར་རྟོག་ཞིབ་བྱས་ཏེ་རིན་མེད་སྒོས་མང་ཚོགས་ལ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་མཁོ་འདོན་བྱས། གཞན་ད་དུང་ཚན་རྩལ་དང་ཁྲིམས་ལུགས་སོགས་ཀྱི་ཤེས་བྱའང་ཁྱབ་བསྒྲགས་བྱས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1