༄༅།། རེབ་གོང་སྒྱུ་རྩལ་ལས་གྱན་ཐང་སྐོར་ངོ་སྤྲོད་མདོར་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-17



ཅི་ཞིག་ལ་གྱན་ཐང་ཟེར།
གྱན་ཐང་ཞེས་བྱ་བ་ནི་དགོན་པའི་ལྷ་ཁང་དང་འདུལ་ཁང་གི་གྱང་ངོས་སུ་བཞེངས་ཡོད་པའི་ལྡེབས་རིས་ཆེ་པོ་ལ་ཟེར་ཞིང་།དེ་ནི་པིར་བྲིས་ཚོན་མདངས་ཅན་གྱི་རི་མོར་གཏོགས་པ་ཡིན།
གྱན་ཐང་གི་ནང་དོན་གཙོ་བོ་ཅི་ཞིག་ཡིན།
གྱན་ཐང་གི་ཐང་དོན་ནི་སངས་རྒྱས་དང་བྱང་ཆབ་སེམས་དཔའ་སོ་སོའི་སྐུ་བརྙན་དང་སངས་རྒྱས་ཀྱི་མཛད་པ།རྣམ་ཐར་བཅས་དང་།ལོ་རྒྱུས་སྟེང་གི་སྐྱེས་བུ་དམ་པ་རིམ་བྱོན་གྱི་རྣམ་ཐར།བོད་ཀྱི་ནང་བསྟན་ཆོས་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་བྱུང་བའི་གནས་ཚུལ་གལ་པོ་ཆེ་བཅས་ཀྱི་རྣམ་ཐར་གཏམ་རྒྱུད་སོགས་བྲིས་ཡོད་པ་རེད།སངས་རྒྱས་དང་བྱང་ཆུབ་སེམས་དཔའ།ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སོགས་པའི་སྐུ་བརྙན་རང་རང་གི་གོ་རིམ་ལྟར་བཞེངས་ཡོད།
གྱན་ཐང་བཞེངས་ཚུལ།
གྱན་ཐང་བཞེངས་སྐབས་ཐོག་མར་རས་གཞིའི་སྟེང་སྐྱ་ཐིག་རྒྱག་པ་དང་།དེ་ནས་སྐྱ་ཐིག་ནང་ལྟར་ཚོན་གཏོང་བ།མཐར་གྱལ་འཐེན་རྗེས་བཞེངས་ཚར་བ་ཡིན།དེར་རང་གི་ལག་རྩལ་ལྟར་རི་མོ་དང་ཚོན་མདངས་གང་མང་བཀོལ་ཆོག
གྱན་ཐང་གི་ལོ་རྒྱུས།
ཆིན་རྒྱལ་རབས་ཁང་ཞི་དང་ཆན་ལུང་གཉིས་ཀྱི་རིང་ལ།གྱན་ཐང་ཐད་གར་གྱང་ངོས་ལ་བཞེངས་པ་ཡིན།ཁང་ཞི་དང་ཆན་ལུང་གི་རྗེས་སུ།རིམ་བཞིན་རས་གཞིའི་སྟེང་བཞེངས་རྗེས་གྱང་ངོས་ལ་མཐའ་ཤིང་བཟོས་ནས་བཤམས།དགོན་པའི་ལྷ་ཁང་ཕྱི་ནང་བཅས་ན་གྱན་ཐང་མང་པོ་བཞེངས་ཡོད་པ་རེད། 
གྱན་ཐང་གི་རིགས།
གྱན་ཐང་ལ་གསེར་ཤོག་དང་གསེར་བྲིས་གང་མང་ཡོད།
རེབ་གོང་གྱན་ཐང་གི་ཁྱད་ཆོས།
རེབ་གོང་སྒྱུ་རྩལ་པ་ཚོས་རས་གཞི་བརྡར་བ།ཚོན་སྣ་སྡེབ་པ།གསེར་ཤོག་གི་ལག་ལེན་བྱེད་ཚུལ།པིར་སྨྱུག་ལས་ཚུལ་བཅས་ལ་ཕྲ་ཞིང་ཞིབ་ལ་ཐུན་མོང་མ་ཡིན་པའི་མན་ངག་ཡོད།པིར་གྱིས་བྲིས་པའི་རི་མོ་ཧ་ཅང་ཆུང་བ་མིག་གིས་མཐོང་དཀའ་བའང་འབྲི་ཐུབ།
རེབ་གོང་གྱན་ཐང་ལ་དུས་སྐབས་སོ་སོར་འགྱུར་བ་བྱུང་བ་མང་ན་ཡང་གྱན་ཐང་གི་ཕྲ་ཞིང་ཞིབ་པའི་རི་མོ་དང་མཛེས་རྒྱན་དང་ཚོན་མདངས་ཀྱི་གཟི་མདངས་ཀྱི་རྣམ་པ་དེ་མ་དོར་རྒྱུན་འཁྱོངས་བྱས་ཡོད་པས་བོད་ཀྱི་ནང་བསྟན་ཆོས་ལུགས་སྒྱུ་རྩལ་གྱི་ཁྲོད་དུ་འབུར་དུ་ཐོན་པའི་ཁྱད་ཆོས་ཡོད་པ་དང་།སངས་རྒྱས་ཀྱི་བསྟན་པ་ལ་དད་མོས་བྱེད་སའི་ས་ཕྱོགས་ཀུན་ཏུ་དར་ཁྱབ་ཧ་ཅང་ཆེ།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1