༄༅།།ཚོར་བའི་དབྱངས།

ས་དམར་གྲགས་པ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 01-12



རུས་པའི་ནང་ནས་ཚེར་མ་གཤོངས། །

མེ་ལོང་ངོས་ཀྱི་འཇིག་རྟེན་ཕྱིས། །

མིག་ཆུ་འཁྱིལ་སའི་མེ་ཏོག་དེའི། །

འདབ་མ་སྤྲིན་པའི་གསེབ་ཏུ་སྦས། །

ནམ་མཁའ་ཐེད་པོའི་ཁུག་ཁ་རུ། །

སྨིན་དྲུག་སྐར་མས་སྒྲོག་གུ་བཏགས། །

རལ་གྲི་བརླག་པའི་རྐུན་མ་ལགས། །

ལག་པ་ཆུ་ལ་མ་དཔར་དང་། །

རླུང་གིས་བྲིས་པའི་རི་མོ་དེ། །

རྒྱ་མཚོའི་གཏིང་གི་རྡོ་བ་བཞིན། །

གྲགས་མེད་འགུལ་མེད་ལུས་འདུག་པས། །

རྨི་ལམ་དཀར་པོའི་སྒེའུ་ཁུང་འོག །

ལམ་འགྲོ་བ་ཞིག་ངུ་བཞིན་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1