༄༅།།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-12


ཨང་སོ་བཞི་པ།
《 རྒྱལ་ཁབ་ཁ་ཕྲལ་བར་ངོ་རྒོལ་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས། 》 འདི་ཉིད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་མཆམ་བྱུང་བས། ད་ལྟ་སྤྱི་བསྒྲགས་བྱས་པ་དང་སྤྱི་བསྒྲགས་བྱས་ཉིན་ནས་ལག་བསྟར་བྱ་དགོས།
རྒྱལ་ཁབ་ཁ་ཕྲལ་བར་ངོ་རྒོལ་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས།
(2015ལོའི་ཟླ་3པའི་ཚེས་14ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་།)
དོན་ཚན་བདུན་པ། རྒྱལ་ཁབ་ཀྱིས་ཐའེ་ཝན་མཚོ་འགག་ངོགས་གཉིས་བར་འདྲ་མཉམ་ཐོག་ནས་གླེང་མོལ་དང་གྲོས་མོལ་བྱེད་པར་བརྟེན་ནས་ཞི་བས་གོང་བུ་གཅིག་གྱུར་ཡོང་བའི་འདོད་ཚུལ་འཛིན་བཞིན་ཡོད། གླེང་མོལ་དང་གྲོས་མོལ་ནི་གོ་རིམ་ལྡན་ལ་དུས་མཚམས་ཡོད་པའི་སྒོ་ནས་སྤེལ་ཆོག་པ་དང་། བྱེད་ཐབས་ཀྱང་སྟབས་བསྟུན་སྣ་མང་སྤྱད་ཆོག ཐའེ་ཝན་མཚོ་འགག་ངོགས་གཉིས་བར་གཤམ་གསལ་གྱི་དོན་ཚན་སྐོར་གླེང་མོལ་དང་གྲོལ་མོལ་བྱས་ཆོག་པ་སྟེ།
གཅིག མཚོ་འགག་ངོགས་གཉིས་བར་གྱི་དགྲར་འཛིན་གནས་སྟངས་དངོས་སུ་མཇུག་སྒྲིལ་རྒྱུ་དང་།
གཉིས། མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་བྱ་རྒྱུ།
གསུམ། ཞི་བས་གོང་བུ་གཅིག་འགྱུར་བྱེད་པའི་གོ་རིམ་དང་བཀོད་སྒྲིག
བཞི། ཐའེ་ཝན་དབང་འཛིན་ལས་ཁུངས་ཀྱི་ཆབ་སྲིད་ཀྱི་གོ་གནས།
ལྔ། རྒྱལ་སྤྱིའི་ཐོག་ཐའེ་ཝན་ས་ཁུལ་རང་གི་གོ་བབ་དང་མཐུན་པའི་བྱེད་སྒོ་སྤེལ་རྒྱུ།
དྲུག ཞི་བས་གོང་བུ་གཅིག་འགྱུར་ཡོང་བ་བྱ་རྒྱུ་དང་འབྲེལ་བ་ཡོད་པའི་གནད་དོན་གཞན་དག་གང་རུང་བཅས་ཡིན།
དོན་ཚན་བརྒྱད་པ། ཐའེ་ཝན་རང་བཙན་གྱི་ཁ་ཕྲལ་སྟོབས་ཤུགས་ཀྱིས་མིང་གང་འདྲ་ཞིག་དང་བྱེད་ཐབས་གང་རུང་ལ་བརྟེན་ནས་ཐའེ་ཝན་ཀྲུང་གོ་ནས་ཁ་བྲལ་གཏོང་བ་དོན་དངོས་སུ་གྱུར་བའམ། ཡང་ན་ཐའེ་ཝན་ཀྲུང་གོ་ནས་ཁ་བྲལ་དུ་གཏོང་སྲིད་པའི་དོན་རྐྱེན་ཚབས་ཆེན་བྱུང་བའམ། ཡང་ན་ཞི་བས་གོང་བུ་གཅིག་འགྱུར་ཡོང་བར་བྱེད་ཐུབ་པའི་རང་བཞིན་རྦད་དེ་མེད་པར་གྱུར་ན། རྒྱལ་ཁབ་ཀྱི་ཞི་བ་མ་ཡིན་པའི་བྱེད་ཐབས་དང་དགོས་ངེས་ཀྱི་བྱེད་ཐབས་གཞན་དག་སྤྱད་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བ་སྲུང་སྐྱོབ་བྱ་རྒྱུ།
གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཞི་བ་མ་ཡིན་པའི་བྱེད་ཐབས་དང་དགོས་ངེས་ཀྱི་བྱེད་ཐབས་གཞན་དག་སྤྱོད་རྒྱུ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཐག་གཅོད་རྒྱུ་དང་ལག་ལེན་དངོས་བསྟར་བ་སྒྲིག་འཛུགས་བྱ་རྒྱུ་མ་ཟད། དུས་ཐོག་ཏུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཡང་ཞུ་རྒྱུ།
དོན་ཚན་དགུ་པ། བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ཞི་བ་མ་ཡིན་པའི་བྱེད་ཐབས་དང་དགོས་ངེས་ཀྱི་བྱེད་ཐབས་གཞན་དག་སྤྱོད་པ་དང་སྦྲག་ལག་ལེན་དངོས་སུ་བསྟར་རྒྱུ་སྒྲིག་འཛུགས་བྱེད་དུས། རྒྱལ་ཁབ་ཀྱིས་ཐའེ་ཝན་གྱི་མི་སེར་དང་ཐའེ་ཝན་དུ་བཞུགས་པའི་ཕྱི་རྒྱལ་པའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བ་དང་ཚུལ་མཐུན་གྱི་ཁེ་དབང་གཞན་དག་སྲུང་སྐྱོང་གང་ཐུབ་བྱས་ནས་གྱོང་གུད་གང་ཉུང་ཡོང་ཐབས་བྱ་རྒྱུ་དང་། དུས་མཚུངས་སུ་རྒྱལ་ཁབ་ནས་ཀྲུང་གོའི་ས་ཁུལ་གཞན་དག་ཏུ་ཡོད་པའི་སྤུན་ཟླ་ཐའེ་ཝན་པའི་དབང་ཆ་དང་ཁེ་ཕན་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུན་ཡིན།
དོན་ཚན་བཅུ་པ། བཅའ་ཁྲིམས་འདི་ཉིད་སྤྱི་བསྒྲགས་བྱས་ཉིན་ནས་ལག་ལེན་དུ་བསྟར་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1