རང་རེའི་ཞིང་ཆེན་གྱིས་དམངས་འཚོའི་ལས་འགོད་ཆེན་མོ་བཅུ་དང་དམངས་འཚོའི་དོན་ཆེན་20ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-13


        ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གི་ལྟ་ཞིབ་ཁང་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། སྤྱི་ལོ་2016ལོར་རང་རེའི་ཞིང་ཆེན་གྱིས་དམངས་འཚོའི་ལས་འགོད་ཆེན་མོ་བཅུའི་ཁྲོད་དུ་འདུས་པའི་རྣམ་གྲངས་ཆུང་བ་120དང་དམངས་འཚོའི་དོན་ཆེན་20ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བར་མ་ཟད། མང་ཕྱོགས་ཚད་བརྒལ་གྱི་སྒོ་ནས་ལོ་ཧྲིལ་བོའི་དམིགས་ཡུལ་ལས་འགན་ལེགས་འགྲུབ་བྱུང་། དེའི་ཁྲོད་དུ་དབུལ་ཕོངས་དང་དབང་བོ་སྐྱོན་ཅན་གྱི་མིར་འོས་འཚམས་ཀྱི་མཁོ་གལ་ཆེ་བའི་རམ་འདེགས་ཡོ་བྱད་དེ་འབྲེལ་མཐུད་ལོ་གཉིས་ཀྱི་རིང་ལ་ཚད་བརྒལ་གྱིས་བསྡུར་ཚད་ཆེས་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱུང་སྟེ། 2016ལོའི་དམིགས་ཡུལ་ལས་འགན་གྱི་བརྒྱ་ཆ་318.26འགྲུབ་པ་རེད། 
        སྤྱི་ལོ་2016ལོར། ཞིང་ཆེན་ཡོངས་སུ་ལས་ཞུགས་བྱེད་པར་སྐུལ་འདེད་དང་། དབུལ་ཕོངས་མང་ཚོགས་དབུལ་བྲལ་ཡོང་བར་རོགས་སྐྱོར། མི་རིགས་ས་ཁུལ་དུ་དབུལ་སྐྱོར་དང་། སློབ་གསོར་རོགས་སྐྱོར། སྤྱི་ཚོགས་འགན་ལེན། སྨན་བཅོས་འཕྲོད་བསྟེན། མི་སེར་གྱི་སྡོད་ཁང་དང་། དམངས་འཚོའི་རྨང་གཞིའི་སྒྲིག་ཆས། སྐྱེ་ཁམས་ཁོར་ཡུག  རིག་གནས་ལུས་རྩལ་སོགས་དམངས་འཚོའི་འདུ་འགོད་ཆེན་མོ་བཅུ་ལས་ཚད་བརྒལ་གྱི་སྒོ་ནས་ལེགས་འགྲུབ་བྱུང་ཚད་ཆེས་མང་བ་གསུམ་ནི་དབུལ་སྐྱོར་དཀའ་གནད་ལས་གྲོལ་བའི་འདུ་འགོད་ཁྲོད་ཀྱི་དབང་བོ་སྐྱོན་ཅན་གྱི་དབུལ་ཕོངས་མི་སྣ་དཀའ་གནད་ལས་གྲོལ་བར་བྱེད་པ་དང་། དབུལ་ཕོངས་དུད་ཚང་གི་དབང་བོ་སྐྱོན་ཅན་གྱི་མི་བདེ་ཐང་ཡོང་བར་རོགས་སྐྱོར་བྱས། སྨན་བཅོས་འཕྲོད་བསྟེན་འདུ་འགོད་ཁྲོད་ཀྱི་རང་མོས་ཀྱིས་གཉེན་མ་བསྒྲིགས་སྔོན་ལ་ལུས་ཁམས་བདེ་ཐང་ལ་རྟག་དཔྱད་བྱེད་རྒྱུ་བཅས་རེད།
        དམངས་འཚོའི་ལས་འགོད་ཆེན་མོ་བཅུ་གཅིག་གྱུར་ཡོང་བ་བྱས་ནས། སྤྱི་ལོ་2016ལོར་རང་རེའི་ཞིང་ཆེན་གྱིས་དམངས་འཚོའི་དོན་ཆེན་20ཡང་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་། དེའི་ཁྲོད་དུ་ཚད་བརྒལ་གྱི་སྒོ་ནས་ལེགས་འགྲུབ་བྱུང་ཚད་ཆེས་མང་བའི་དམངས་འཚོའི་འདུ་འགོད་གཅིག་ནི་གྲོང་གསེབ་ཀྱི་དུད་ཚང་ཁྲི་15ཡི་ཉེན་ཁ་ཅན་གྱི་སྡོད་ཁང་བསྒྱུར་བཀོད་བྱས་པ་དེ་ཡིན་ལ། སྤྱི་ལོ་2016ལོར་རང་རེའི་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་དུད་ཚང་ཁྲི་20དང་སྟོང་6གི་ཉེན་ཁ་ཅན་གྱི་ཁང་བ་བསྒྱུར་བཀོད་བྱས་ཏེ། དམིགས་ཡུལ་ལས་འགན་གྱིས་བརྒྱ་ཆ་189.11ཟིན།
        མ་དངུལ་ལག་བསྟར་བྱེད་པའི་ཕྱོགས་སུ། སྤྱི་ལོ་2016ལོར་ཞིང་ཆེན་ཡོངས་ཀྱི་དམངས་འཚོའི་ལས་འགོད་ཆེན་མོ་བཅུ་དང་དམངས་འཚོའི་དོན་ཆེན་20ཡིས་བསྐྱར་བསྡུས་བྱས་པའི་ནང་དོན་དག་ཕུད་རྗེས། རིམ་པ་སོ་སོའི་སྔོན་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1644དང་བྱེ་བ་6ས་ཡ7ལག་བསྟར་བྱས་ནས། དངུལ་རྩའི་འཆར་གཞིའི་བཀོད་སྒྲིག་གྱི་བརྒྱ་ཆའི124.58ལེགས་འགྲུབ་བྱུང་བ་རེད། དམངས་འཚོའི་འདུ་འགོད་ཆེན་མོ་བཅུའི་ཁྲོད་ཀྱི་དངུལ་རྩ་སྔོན་བརྩིའི་ལག་བསྟར་བྱེད་པ་ཆེས་མང་བའི་རྣམ་གྲངས་གསུམ་ནི་སྤྱི་ཚོགས་འགན་ལེན་གྱི་ལས་འགོད་དང་མང་ཚོགས་བདེ་སྡོད་ལས་གཞི། དམངས་འཚོའི་རྨང་གཞིའི་སྒྲིག་བཀོད་ལས་གྲྭ་བཅས་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1