ཞི་ཅིན་ཕིང་གིས་ཝེད་ནམ་གྱི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲོང་ལ་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-13


        སྤྱི་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། ཞི་ཅིན་ཕིང་གིས་ཝེད་ནམ་གྱི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲོང་ལ་དང་གྲོས་མོལ་མཛད།
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེད་ནམ་རྒྱལ་ཁབ་གཉིས་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་བཞིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། འཐབ་ཇུས་དོན་སྙིང་ལྡན་པའི་ལས་དབང་ཐུན་མོང་ཚོགས་པའང་ཡིན། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་རབས་འགས་སེམས་ཁུར་དང་སྐྱེད་སྲིང་བྱས་འོག ཀྲུང་གོ་དང་ཝེད་ནམ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་བཤེས་ཟབ་མོ་ཆགས། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་དང་ཕུགས་རིང་བའི་ངོས་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་སུ་གཏོང་བཞིན་ཡོད། ཀྲུང་གོའི་ཕྱོགས་ནས་ཝེད་ནམ་དང་མཉམ་དུ་ཀྲུང་གོ་དང་ཝེད་ནམ་བར་གྱི་མཛའ་མཐུན་འབྲེལ་བའི་ཁ་ཕྱོགས་ཆེན་པོ་དམ་འཛིན་བྱེད་པ་དང་། ཕན་ཚུན་ལ་བརྩི་འཇོག་བྱེད་པ་རྒྱུན་འཁྱོངས་བྱས་ནས། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་དང་། ཆབ་སྲིད་ཡིད་ཆེས་གོང་འཕེལ་དུ་གཏོང་བ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། འགལ་བར་ཚོད་འཛིན་བཟང་བོ་བྱེད་པ་བཅས་བྱས་ནས། མུ་མཐུད་དུ་ཀྲུང་གོ་དང་ཝེད་ནམ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏང་འདོད་ཅེས་བསྟན། 
        རོན་ཧྥུའུ་ཀྲོང་གིས་ཝེད་ནམ་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་མཐོ་རིམ་སྣེ་ཁྲིད་ལ་ཤུགས་སྣོན་དང་འཐབ་ཇུས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་བཏང་ནས་ཁྱོན་ཡོངས་ནས་ཏང་གཉིས་ཀྱི་བརྗེ་རེས་མཉམ་ལས་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་སྣེ་ཁྲིད་ནུས་པ་གཏིང་ཟབ་ཏུ་གཏང་འདོད་པར་མ་ཟད། བར་ཁྱམས་གཉིས་དང་སྐོར་ཁྱམས་གཅིག་དང་རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་སྦྲེལ་མཐུད་སྤེལ་ནས་ཕྱོགས་གཉིས་ཀྱི་ཧྲང་ཧེ་མཉམ་ལས་ལ་ཤུགས་སྣོན་དང་རྒྱ་སྐྱེད་དེ་ཕྱོགས་གཉིས་ཀྱི་བཟོ་ཚོང་དང་དངུལ་འཇོག ཡུལ་སྐོར། རྒྱལ་སྲུང་། བདེ་འཇགས། དམངས་ཁྲོད་བརྗེ་རེས་དང་ན་གཞོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་དངོས་ཕན་རང་བཞིན་གྱི་གྲུབ་འབྲས་བླངས་ཏེ་ཝེད་ནམ་དང་ཀྲུང་གོའི་འབྲེལ་བའི་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་འཕར་དུ་བཅུག་ནས་ས་གནས་དང་འཛམ་གླིང་གི་འཕེལ་རྒྱས་ལ་མཛད་རྗེས་འཇོག་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1