ལྷག་བསམ་རྣམ་དག་གི་བརྩེ་སེམས་དང་མི་ཉམས་ཡུན་གནས་ཀྱི་འབད་བརྩོན།

ཚེ་བརྟན་གྱིས་རྩོམ་ཡིག་བྲིས། ཕུན་ཚོགས་བཀྲ་ཤིས་ཀྱིས་་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།མི་རིགས། སྤེལ་དུས། 01-13


        རྔ་བ་ཁུལ་ལྟ་བུའི་ཡུལ་སྲོལ་གོམས་གཤིས་སྣ་མང་འཛོམས་པའི་དྭངས་གཙང་གི་ས་ཁུལ་བཙལ་དཀའ་བ་ཞིག་ཡིན་པས། ངོ་མཚར་ལྡན་པའི་རང་བྱུང་ཡུལ་ལྗོངས་དང་མི་རིགས་མང་བའི་གནའ་རབས་ཀྱི་རིག་གནས་རྣམས་འདི་གར་འཛོམས་པ་དང་། ག་ས་གར་ཡིད་དབང་འཕྲོག་པའི་མཛེས་ལྗོངས་མཐོང་རྒྱུ་ཡོད་ཅིང་། ཁྱད་པར་དུ་ཟླ་བ་དྲུག་པ་དང་བདུན་པའི་སྐབས་སུ་རྔ་བ་ཁུལ་དུ་འབྱོར་ཡོང་ན། གནམ་ས་ཡངས་ཤིང་སྤྲིན་ཉུང་བ། རྩྭ་ཐང་ཐོག་མེ་ཏོག་གིས་ཕྲ་ལམ་མེར་བརྒྱན་པ། རྣམ་པ་དེ་དག་གིས་མི་རྣམས་ཀྱི་ཡིད་དབང་འཕྲོག་ངེས་ཡིན་པ་རེད།

ཁྱིམ་གཞིས།

        པར་ལེན་ལས་སྒྲུབ་པའི་ངོས་ནས་བཤད་ན། ལག་གི་པར་ཆས་ཀྱིས་ཕུལ་བྱུང་པར་རིས་རྒྱག་ཐུབ་དགོས་པ་དང་། ཕ་ཡུལ་དྲིལ་བསྒྲགས་བྱེད་པར་རང་ཉིད་ཀྱི་ནུས་པ་འདོན་པ་མེད་དུ་མི་རུང་བའི་འོས་འགན་ཞིག་ཡིན་པ་རེད། རང་ཉིད་ཀྱིས་དང་ཐོག་པར་ལེན་པའི་དམིགས་ཡུལ་ནི་དེ་ནི་རྔ་བ་ཁུལ་གྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་མིའི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཐོ་འགོད་བྱེད་པའི་ཆེད་དུ་ཡིན་ཞིང་། ངས་ནང་དོན་ལྡན་པའི་དོན་བྱ་མང་པོ་པར་བརྒྱབ་མྱོང་པ་ཡིན། དེའི་ནང་མཛེས་ལྗོངས་དང་། བཟོ་སྐྲུན། མི་སྣ། ཡུལ་སྲོལ་བཅས་འདུས་པ་རེད། ངས་བརྒྱབ་པའི་པར་རིས་རེ་རེའི་ནང་རྔ་བ་ཁུལ་གྱི་གསོན་ཉམས་ལྡན་པའི་ཁྱད་ཆོས་འདོན་ཅི་ཐུབ་བྱས་ཡོད་ལ། རྔ་བ་ཁུལ་གྱི་ཁྱད་ལྡན་རང་བྱུང་མཛེས་ལྗོངས་ཡང་ཡོད་དེ། དཔེར་ན། ཆུ་རིས་ཤིག་ཤིག་གི་མཚོ་རིང་དང་། དྲག་འབབ་ཆུ་རྒྱུན་འདོན་པ་ལྟ་བུའི་ནོར་བུ་གླིང་། དངུལ་འོད་ཆེམ་ཆེམ་གྱི་གནས་ཆེན་སྐུ་ལྷ་སོགས་ཡུལ་ལྗོངས་ངོ་མཚར་ཅན་ཡོད་པ་རེད། དེ་དག་ཚང་མར་བབ་ཆགས་པའི་རང་བྱུང་མཛེས་རྒྱན་ཡོད་ཅིང་། པར་ལེན་པ་ཚོས་པར་ཆས་ཀྱི་ལག་རྩལ་སྤྱད་ནས་དེ་བས་ཀྱང་རི་ཀླུང་དེ་ཚོར་མཛེས་ཆོས་སྤྲས་ཡོད་པར་མ་ཟད། སྒྱུ་རྩལ་གྱི་རྒྱན་ཡང་བཀོད་པར་བརྟེན། དུས་མཚུངས་སུ་ཉི་མའི་འོད་དང་། འཇའ་ཚོན། མཚམས་སྤྲིན་གྱི་འོད་མདངས་བཅས་ཀྱི་རང་བྱུང་རྒྱུ་རྐྱེན་གྱིས་ངར་ཤུགས་བརྒྱབ་པའི་དབང་གིས་པར་རིས་ཀྱི་མངོན་གསལ་ལྡན་པའི་ཁྱད་ཆོས་དེ་བས་ཀྱང་མཛེས་པར་གྱུར་ཡོད་པ་རེད།

 ལུག་རྫི།

        མིའི་གཟུགས་ནི་མི་རིགས་གཅིག་དང་ཡང་ན་ས་ཁུལ་ཞིག་གི་ལོ་རྒྱུས་རིག་གནས་མཚོན་བྱེད་རི་མོ་ཞིག་ཡིན་པར་མ་ཟད། སྤྱི་ཚོགས་ཞིག་གི་ཡུན་རིང་གནས་པའི་བྱེད་ཐབས་ཤིག་ཀྱང་ཡིན་པ་རེད། རྔ་བ་ཁུལ་ནི་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་ཆའང་རིགས་འདུས་སྡོད་ས་ཁུལ་དང་སི་ཁྲོན་གྱི་བོད་རིགས་ས་ཁུལ་ཨང་གཉིས་པའང་ཡིན་པས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཁྱད་ཆོས་དམིགས་བསལ་ཅན་ལྡན་ཡོད་པ་དང་། རིག་གནས་ཀྱི་ནང་རྐྱེན་ཧེ་བག་ཆེ་བ་རེད། རྔ་བ་ཁུལ་གྱི་མིའི་གཟུགས་ཀྱི་རྣམ་པ་མཚོན་པ་དེ་རང་ཉིད་ཀྱི་པར་ལེན་གཙོ་གནད་དུ་བཞག་ཡོད་པ་རེད། མིའི་གཟུགས་དང་མི་སྣའི་གཟུགས་བརྙན་ཡག་པོ་མཚོན་དགོས་ན་པར་ལེན་གྱི་ལག་རྩལ་འཛོམས་དགོས།

 རྨ་ཁུག་དང་པོ།

        རང་ཉིད་ལ་ཆ་བཞག་ནས་བཤད་ན། མི་སྣ་པར་ལེན་པ་དེ་མིའི་རྣམ་འགྱུར་དང་། ཁོར་ཡུག་ལ་རག་ལས་ཡོད་ཅིང་། གཙོ་བོ་མིག་གི་རྣམ་འགྱུར་ཡིན་ཞིང་། "མིག་ནི་མིའི་སེམས་ཁམས་ཀྱི་སྒེའུ་ཁུང་ཡིན་པར"བརྟེན། མི་སྣ་པར་ལེན་བྱེད་དུས་མིའི་སེམས་ཁམས་མཚོན་བྱེད་ཀྱི་མིག་གི་རྣམ་འགྱུར་འཛིན་ཐུབ་པ་བྱེད་དགོས། གཞན་ཡང་ཕུལ་བྱུང་པར་ལེན་པའི་ཐོག་ནས་བཤད་ན། མི་སྣའི་རང་ཉིད་ཀྱི་ཁྱད་ཆོས་མཚོན་པའི་རྣམ་པ་སྟོན་ཐུབ་དགོས།

 སྤེན་ལའི་སྤྲིན་མཚོ།

        རྔ་བའི་མཛེས་སྡུག་སྔར་ལས་བཟང་པོར་དྲིལ་བསྒྲགས་བྱེད་ཆེད། རང་ཉིད་བཀྲ་ཤིས་པའི་ས་ཁམས་འདིར་རྒྱུན་ཆད་མེད་པར་སྐྱོད་ནས་ས་ཁུལ་འདིའི་མཛེས་ལྗོངས་དང་མིའི་རིགས་ཀྱི་གཟུགས་བརྙན་གང་ཐུབ་ཀྱིས་པར་བླངས་ནས་འཛམ་གླིང་ཡོངས་སུ་བསྒྲགས་པར་འབད་བརྩོན་བྱེད་ཀྱི་ཡོད།

 ཏ་ཁོག་འཁྱགས་རོམ་ཆེ་པོ།

        ཚེ་བརྟན་གྱིས་པར་བླངས་པ་དང་རྩོམ་འབྲི་བྱས། ཕུན་ཚོགས་བཀྲ་ཤིས་ཀྱིས་བསྒྱུར།


གཟི་རྩ་སྡེ་དགུའི་དགུན་དུས།

མྱག་ལོའི་མཛེས་ལྗོངས།


ལ་མོའི་མཛེས་ལྗོངས།


མཐོ་སྒང་།


ཁྱིམ་གཞིས་གསར་པ།

        ཚེ་བརྟན། བོད་རིགས་༡༩༦༠ལོའི་ཟླ་བ༨པར་སྐྱེས་ཤིང་། ཀྲུང་གུང་ཏང་ཡོན། ད་ལྟར་རྔ་བ་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཡི་གྲུབ་མི་དང་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པའི་འགན་བཞེས་ཀྱི་ཡོད་པ་དང་མཐོ་རིམ་གྱི་གསར་འགོད་པའི་ཐོབ་ཐང་ཡིན་པར་མ་ཟད། ཀྲུང་གོའི་དམངས་སྲོལ་པར་ལེན་ལྷན་ཚོགས་ཀྱི་ཡུན་རིང་གི་ཚོགས་མི་ཞིག་དང་། ཀྲུང་གོའི་གསར་འགྱུར་པར་ལེན་ལྷན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་པར་ལེན་མཁས་ཅན་ལྷན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་མིའི་གཟུགས་བརྙན་པར་ལེན་ལྷན་ཚོགས་ཀྱི་ཚོགས་མི། སི་ཁྲོན་ཞིང་ཆེན་གསར་འགྱུར་པར་ལེན་ལྷན་ཚོགས་ཀྱི་ལས་འཛིན་པ། རྔ་བ་ཁུལ་པར་ལེན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཀྱང་བཞེས་ཀྱི་ཡོད་པ་རེད།






རྩོམ་ཡིག་སྔོན་མ།
2016.01

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1