དགུན་ཁར་གཞི་རིམ་ལ་དྲོད་ཁོལ་བསྐྱལ་བ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-16


        

        ཉེ་ལམ། ཉག་ཆུ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ཚན་ཆུང་མགོ་དཀར་ཡུལ་ཤོག་གི་འབྲུ་གཞི་དང་མདའ་ཤུགས། དེ་མིན་རི་སྒང་དང་མའུ་ཤི་སྡེ་བ་བཅས་སུ་ཕྱིན་ཏེ་འཕྲོད་བསྟེན་གྲོང་སྡེར་བསྐྱལ་བ་ཞེས་པའི་བྱེད་སྒོ་སྤེལ། བྱེད་སྒོ་ཁྲོད་སྨན་བཅོས་མི་སྣས་མང་ཚོགས་རྣམས་ལ་ལུས་པོར་རྟོག་ཞིབ་བྱས། ཐེངས་འདིའི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོའི་ཁྲོད།  མི་གྲངས་200ལྷག་ལ་སྨན་བཅོས་བྱས་པ་དང་གོང་ཚད་སྟོང་གསུམ་ལྷག་གི་སྨན་སྤྲད་པར་མ་ཟད། དབུལ་ཕོངས་ནད་པ་ལྔ་ལ་འཚམས་འདྲ་ཞུས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1