ཞི་ཅིན་ཕིང་སི་ཝེས་ཙེར་རྒྱལ་ཕྲན་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་བསྡུས་པའི་དགའ་བསུའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། 01-16


        སྤྱི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ས་པེར་ནེ་ནས་སི་ཝེས་ཙེར་རྒྱལ་ཕྲན་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་བསྡུས་པའི་དགའ་བསུའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
        མཛད་སྒོའི་སྟེང་ཞི་ཅིན་ཕིང་གིས་ཤིས་ཚིག་འབུལ་སྐབས་གསུངས་རྒྱུར། བདག་གིས་ད་ཐེངས་འཚམས་འདྲི་བྱེད་པ་ནི་ཕྱོགས་གཉིས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་མཉམ་ལས་རྒྱ་བསྐྱེད་ཅིང་ཞི་བདེ་དང་འཕེལ་རྒྱས་ལ་མཉམ་དུ་ཇུས་གཞི་འགོད་པའི་ཆེད་དུ་ཡིན། བདག་གིས་སི་ཝེས་ཙེར་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་འཚོལ་ཞིབ་བྱེད་པ་དང་། ཀྲུང་གོ་དང་སི་ཝེས་ཙེར་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ལ་ཞུགས་པ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་ལ་འཚམས་འདྲི་བྱས་པ་བརྒྱུད་ནས་དེང་སྐབས་ཀྱི་གནས་བབ་འོག་ཏུ་འཛམ་གླིང་ཞི་བདེ་སྲུང་སྐྱོབ་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། འཛམ་གླིང་ཡོངས་ཀྱི་གནད་དོན་གཙོ་བོ་ཐག་གཅོད་དང་། ཕྱོགས་སོ་སོ་དང་མཉམ་དུ་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲང་ཕྱོགས་ཀྱི་ནུས་ཚད་བརྒྱུད་སྤྲོད་བྱེད་པར་རེ་སྒུག་བྱས་ཡོད་ཅེས་བསྟན༎ 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1