སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་པ་ཁྲེན་ཏུའུ་ནས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-16


       

        སྤྱི་ཟླ་དང་པོའི་ཚེས་14ཉིན།  སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་པ་ཁྲེན་ཏུའུ་ནས་འཚོགས།

        ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་གྲོས་ཚོགས་མཛད་སྒོའི་ལག་བསྟར་ཀྲུའུ་ཞི་ཁོ་ཙུན་ཕིང་། གྲོས་ཚོགས་མཛད་སྒོའི་ལག་བསྟར་ཀྲུའུ་ཞི་ལི་ཏིང་ཅུས་དང་ཁྲེན་ཝིན་ཧྭ། ཀྲང་ཡུས་ཏུང་། ཀའོ་ཧྥུའུ། ཀྲེ་ཀྲན་ཡུས། ཝང་ཀྲིན་རོན། ཀྲའོ་ཀྲེན་ཞི། ནོར་བུ་རྒྱལ་མཚན། ཁྲེན་ཧྥུང་། ཐང་ཅན། ཝང་ཅན་ཅོན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།
        ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏུང་མིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི། ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་དམག་སྤྱི་ཀྲན་ཧིག་ཧྲུན་སོགས་གྲོས་ཚོགས་ལ་ཞུགས་ཏེ་རྟེན་འབྲེལ་ཞུས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས།
        ཐེངས་འདིའི་གྲོས་ཚོགས་ཞུགས་དགོས་པའི་ཨུ་ཡོན་876ཡོད་པ་དང་དངོས་སུ་གྲོས་ཚོགས་ལ་ཞུགས་པའི་ཨུ་ཡོན་843ཡོད་པ་རེད།
        སྔ་དྲོའི་ཆུ་ཚོད་དགུའི་སྟེང་། གཟབ་ནན་དང་སྤྲོ་སེམས་འཁོལ་བའི་ཁ་དབུགས་ཁྲོད་གཙོ་སྐྱོང་པས་གྲོས་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་ཤིང་། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དངམས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེ་ནས་ཚོགས་ཆེན་ལས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།
        ལི་ཏིན་ཅུས་ཀྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ལས་ཀའི་སྙན་ཞུ་ཕུལ། སྙན་ཞུ་ལས། 2016ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་འགོ་ཚུགས་པའི་ལོ་ཡིན་ལ། འདས་ཟིན་པའི་ལོ་གཅིག་གི་ནང་དུ་ཞིང་ཆེན་སྲིད་གྲོས་ཀྱིས་གཏིང་ཟབ་པའི་སྒོ་ནས་ཀྲུང་གུང་གུང་ཁྲན་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་དང་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ། དྲུག་པའི་དགོངས་སློབ་སྦྱོང་ལག་བསྟར་བྱས་པ་དང་། གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས། ལྷག་བསམ་རྣམ་དག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་ལ་སྲུང་སྐྱོབ་བྱས། དེ་མིན་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་བརྟན་བརླིང་གི་འགོ་ཁྲིད་འོག མཐུན་སྒྲིལ་དམངས་གཙོའི་བརྗོད་དོན་རྒྱན་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་བྱས། རང་འགུལ་གྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ་ལ་ཟབ་ཞུགས་བྱས་ཏེ་དབུལ་སེལ་འགག་སྒྲོལ་ལས་ཀར་བརྟན་བརླིང་ངང་སྐུལ་འདེད་བཏང་། སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་ཁྱོན་ཡོངས་ནས་གསར་གཏོད་བཅོས་སྒྱུར་ལ་སྐུལ་འདེད་བཏང་བར་མ་ཟད། དོན་དངོས་དང་མཐུན་པར་སྲིད་གྲོས་གྲོས་མོལ་དམངས་གཙོ་ལ་སྐུལ་འདེད་བཏང་ནས། རང་ཞིང་གི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལེགས་པོར་འགོ་བརྩམས་པ་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་སི་ཁྲོན་དུ་ལག་བསྟར་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཅེས་བསྟན།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1