མཚོ་སྔོན་ཞིང་ཆེན་གྱི་བཟོ་སྐྲུན་སྣ་གཉིས་རྒྱལ་ཁབ་ཀྱི་སྐོར་ཁག་དང་པོའི་སྤྱི་ཚོགས་ཀྱིས་མ་དངུལ་གཏོང་བར་སྐུལ་སློང་བྱེད་པའི་ལས་གཞིའི་ཁྲོད་བདམས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


        གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་མཚོ་སྔོན་ཞིང་ཆེན་གྱི་བཟོ་སྐྲུན་སྣ་གཉིས་རྒྱལ་ཁབ་ཀྱི་སྐོར་ཁག་དང་པོའི་སྤྱི་ཚོགས་ཀྱི་མ་དངུལ་གཏོང་བར་སྐུལ་སློང་བྱེད་པའི་ལས་གཞིའི་ཁྲོད་བདམས།
        མ་དངུལ་གཏོང་བ་དང་མ་དངུལ་མཉམ་བསྲེས་བྱེད་པའི་སྒྲིག་གཞིར་མྱུར་དུ་བཅོས་བསྒྱུར་བྱེད་པ་དང་། དངུལ་གཏོང་སྣ་མང་ཅན་དུ་བསྒྱུར་བ། སྤྱི་ཚོགས་མ་རྩའི་ནུས་པ་སྔར་ལས་འདོན་སྤེལ་བཅས་བྱེད་ཆེད། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རྨང་གཞིའི་སྒྲིག་ཆས་སོགས་ཀྱི་ཁྱབ་ཁོངས་ནས་ཐོག་མར་སྤྱི་ཚོགས་མ་རྩ་འཛུགས་སྐྲུན་ཚོང་གཉེར་ཁྲོད་ཞུགས་པར་སྐུལ་སློང་བྱེད་པའི་དཔེ་སྟོན་ལས་གཞི་བརྒྱད་ཅུ་སྤེལ་རྒྱུ་ཐག་གིས་བཅད་པ་དང་། མཚོ་སྔོན་ཞིང་ཆེན་རྨ་ཆུའི་སྟོད་རྒྱུད་ཀྱི་སྨར་ཐང་ཆུ་གློག་ས་ཚིགས་དང་། ཚྭ་རྔ་འགག་ཆུ་འོད་ཁ་གསབ་བཟོ་སྐྲུན་གྱི་དུས་རིམ་གཉིས་པའི་ལས་གཞི་གཉིས་དེའི་ཁྲོད་བདམས། བཟོ་སྐྲུན་དེ་གཉིས་རྒྱལ་ཁབ་ཀྱི་སྐོར་ཁག་དང་པོའི་སྤྱི་ཚོགས་ཀྱི་དངུལ་གཏོང་ལ་སྐུལ་སློང་བྱེད་པའི་ལས་གཞི་ཁྲོད་བདམས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་དངུལ་གཏོང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། ཚོང་རའི་གསོན་ཤུགས་བསྐྱེད་པ། སྤྱི་ཚོགས་མ་རྩ་རྨང་གཞི་སྒྲིག་ཆས་ཁྱབ་ཁོངས་སུ་སྤྱོད་པའི་བརྩོན་སེམས་བསྐྱེད་པར་ཕན་པ་ཆེན་པོ་ཡོད་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ནས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1