སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བཞུགས་པའི་འཐུས་མི་ཚོགས་པ་སོ་སོས་ཚན་ཆུང་བགོས་ནས་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-17


        ཟླ་1པོའི་ཚེས་16ཉིན་གྱི་ཕྱི་དྲོར། ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་ཚན་ཆུང་བགོས་ནས་གྲོས་ཞིབ་བྱས། འཐུས་མི་ཚོགས་པ་སོ་སོའི་སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་ལ་དམིགས་ནས་གྲོས་བསྡུར་བྱས་པ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་རིན་ཝང་ཏུང་མིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི་གཉིས་ནི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་ཚབ་པ་ཅིག་ཡིན་པའི་ཆ་ནས། སོ་སོ་ཁྲེན་ཏུའུ་དང་རྔ་བ་ཁུལ་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ཁྲོད་དུ་ཞུགས་པར་མ་ཟད་གསུངས་བཤད་ཀྱང་གནང་།
        ཝང་ཏུང་མིང་ཁྲེན་ཏུའུ་ཡི་འཐུས་མི་ཚོགས་པའི་ཁྲོད་དུ་ཞུགས་ནས་གྲོས་ཞིབ་བྱེད་སྐབས། སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་ཡིད་མཐུད་བྱུང་བའི་རྣམ་པ་བསྟན། ཁོང་གིས་འདས་པའི་ལོ་གཅིག་གི་ནང་ཏང་ཀྲུང་དབྱང་གིས་སྲ་ཞིང་བརྟན་པའི་འགོ་ཁྲིད་ཀྱི་འོག་ཏུ། ཞིང་ཆེན་ཏང་ཨུའི་མཐུན་སྒྲིལ་དམ་པོའི་སྣེ་ཁྲིད་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་གིས་ཐུན་མོང་གི་འབད་བརྩོན་འོག ཞིང་ཆེན་ཡོངས་ཀྱི་རྣམ་གྲངས་སོ་སོའི་བྱ་བཞག་ཁག་གི་འཕེལ་རྒྱས་ལ་གྲུབ་འབྲས་མི་དམན་པ་ཤིག་ལོན་པ་རེད། བརྒྱུད་རིམ་འདིའི་ཁྲོད་དུ། ཁྲེན་ཏུའུ་གྲོང་ཁྱེར་གྱིས་བྱས་རྗེས་རླབས་ཆེན་ཅིག་བཞག་པ་རེད། ཞིང་ཆེན་ཏང་ཨུའི་དུས་ནམ་ཡང་ཁྲེན་ཏུའུ་འཕེལ་རྒྱས་སུ་འགྲོ་བར་རེ་བ་གསར་པ་བཞག་པ་དང་། ཁྲེན་ཏུའུ་ཡིས་ཀྲུང་དབྱང་གི་དགོང་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ཁག་ལ་གོ་བ་གཏིང་ཟབ་མོ་བླངས་ནས། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་འགན་འཁྲི་ཕྲག་དུ་ཁུར་ཏེ། ཞིང་ཆེན་ཡོངས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་གསར་པ་འཇོག་དགོས་པའི་རེ་བ་བཏོན།
        གཏམ་བཤད་བྱེད་པའི་ཁྲོད་དུ། ཝང་ཏུང་མིང་གིས་ཁ་བྱང་གཉིས་བཏོན་ནས་ཚང་མ་དང་མཉམ་ཏུ་གྲོས་བསྡུར་གནང་ཞིང་ཁྲེན་ཏུའུ་ཡི་མ་འོངས་པའི་འཕེལ་རྒྱས་ཀྱི་ཐད་ལ་སྨོན་འདུན་ཞུས། ཝང་ཏུང་མིང་གིས་ཁྲེན་ཏུའུ་ཡི་རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་གིས་ནན་ཏན་གྱིས་ཏང་ལ་དོ་དམ་དང་ཏང་ལ་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བྱས་ནས། གོམ་གང་མདུན་སྤོས་ཀྱི་འདུ་ཤེས་ཆེན་མོ་བཞི་ལ་ཤུགས་སྣོན་དང་། རང་འགུལ་གྱིས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚད་མཐོན་པོའི་འགོ་ཁྲིད་ཀྱི་འོག  ཀྲུང་དབྱང་དང་སྲིད་གཞུང་གིས་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།
        དབྱི་ལི་རྔ་བ་ཁུལ་གྱི་འཐུས་མི་ཚོགས་པའི་ཁྲོད་དུ་ཞུགས་ནས་གྲོས་ཞིབ་བྱེད་སྐབས། སྤྱི་ལོ་2017ལོའི་ལས་དོན་ཁག་ལེགས་པོར་བསྒྲུབ་དགོས་ན། གཙོ་བོ་ནི་དོན་དངོས་དམ་འཛིན་དང་། སྲིད་ཇུས་བཀོད་སྒྲིག་ཁག་ཇི་བཞིན་དུ་དོན་འཁྱོལ་ཡོང་བར་བྱ་དགོས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་རིམ་པ་སོ་སོའི་སྡེ་ཁག་གིས་དོན་དངོས་དང་འབྲེལ་བ་བྱས་ནས། བྱེད་ཐབས་གསར་སྐྲུན་དང་། སྒྲུབ་ཤུགས་ཆེན་རུ་གཏོང་བ། དོན་དངོས་ཐོག་བྱ་བ་དེ་དོན་འཁྱོལ་ཡོང་བ་བྱས་ནས། ལོ་ཧྲིལ་བོའི་དམིགས་ཡུལ་ལས་འགན་ཁག་ལེགས་འགྲུབ་ཡོང་བར་སྐུལ་འདེད་གཏང་དགོས་ཅེས་བསྟན།
        འཐུས་མི་རྣམས་ཀྱིས་འདས་པའི་ལོ་གཅིག་གི་ནང་དུ། སི་ཁྲོན་དེ་སྤྱིར་བཏང་མིན་པའི་འཕེལ་རྒྱས་ཀྱི་ལམ་བའི་ཁྲོད་དུ་བསྐྱོད།2017ལོ་ནི་ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་གཅིག་ཡིན་པ་དང་། མཁོ་སྤྲོད་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ལོ་གཅིག་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དང་དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་ཞིག་འཛུགས་སྐྲུན་བྱེད་པའི་གནད་འགག་གི་ལོའང་ཡིན་པས།ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་གཅིག་སེམས་གཅིག་དང་འབད་འབུངས་ཡར་བརྩོན། ནན་ཏན་བྱ་དགོས་ཅེས་བསྟན་པ་རེད།
        ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཧྥན་རེའུ་ཕིང་དང་ཝུའུ་ཅིན་ཕིང་། ཝང་ཉིང་། ཆུའི་མོའུ་ཧྲི་ཧྭ། ཀན་ལིན། དེ་མིན་ཞིང་ཆེན་གྱི་འགོ་ཁྲིད་གཞན་པ་རྣམས་ཡང་སོ་སོ་བྱས་ཏེ་སོ་སོ་གནས་པའི་འཐུས་མི་ཚོགས་པའི་ཁྲོད་དུ་ཞུགས་ནས་གྲོས་ཞིབ་བྱས།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1