ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བཅས་ཀྱི་ལས་རིགས་སོ་སོའི་མི་སྣ་དང་གཞི་རིམ་འཐུས་མིའི་བཞུགས་མོལ་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-18


        སྤྱི་ཟླ་དང་པོའི་ཚེས་16ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་བཞུགས་མོལ་གྲོས་ཚོགས་འཚོགས། གྲོས་ཚོགས་སྟེང་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བཅས་ཀྱི་ལས་རིགས་སོ་སོའི་མི་སྣ་དང་གཞི་རིམ་འཐུས་མི་རྣམས་ཀྱིས་《སྲིད་གཞུང་བྱ་བའི་སྙན་ཞུ།(བསམ་འཆར་བསྡུ་ལེན་མ་ཡིག)སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་མཉན། 
        གྲོས་ཚོགས་སྟེང་འཐུས་མི་བརྒྱད་ཀྱིས་རང་སོ་སོའི་བྱ་བའི་ཁྱབ་ཁོངས་དང་འབྲེལ་ནས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་རང་ཉིད་ཀྱི་བསམ་འཆར་བཤད། ལི་ཁེ་ཆང་གིས་ནན་ཏན་གྱིས་མཉན་རྗེས་ན་ནིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག རྒྱལ་ཡོངས་ཀྱི་གོང་འོག་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་མཉམ་དུ་འབད་བརྩོན་བྱས་འོག དཔལ་འབྱོར་དང་སྤྱི་ཚོགས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པས་དེ་ལ་ངེས་པར་དུ་ལྡབ་འགྱུར་སྒོས་གཅེས་སྤྲས་བྱ་དགོས། སྲིད་གཞུང་བྱ་བའི་དམིགས་ཡུལ་ནི་མི་དམངས་ལ་འཚོ་བ་སྐྱིད་པོ་ཞིག་རོལ་དུ་འཇུག་རྒྱུ་དེ་ཡིན་པས་ངེས་པར་དུ་དམངས་ཀྱི་འདོད་བློ་དང་དམངས་དོན་ལ་རྒྱུས་ལོན་ཟབ་མོ་བྱ་དགོས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱིས་དོ་སྣང་བྱེད་བཞིན་པའི་གནད་དོན་དག་སྔར་ལས་ལེགས་པོའི་སྒོ་ནས་ཐག་གཅོད་བྱ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1