རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བ་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ།

ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཚོགས་ཐོག་ནས་གསུང་བཤད་གནང་བཞིན་པ།
        རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བ་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཙུགས་གྲུབ་མི་སྣ་བརྒྱ་དང་རེ་གསུམ་གྲོས་ཚོགས་སུ་ཞུགས་པ་དང་། གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།
        གྲོས་ཚོགས་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམག་དོན་སྒྲིག་ཆས་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་བ་དང་། ཅང་ཝེ་ཞིན་གྱི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་གི་འགན་བླངས་ཤིང་། ཁྲིན་ཀྲིན་གོ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་དུ་བདམས།
གྲོས་ཚོགས་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་ས་ཁུལ་ཁ་ཤས་ནས་ཉེས་དོན་གྱོད་གཞི་བསྒྲུབ་པར་གནང་བའི་དབང་ཆའི་གོ་རིམ་ཚོད་ལྟ་བྱ་བའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་ནས་བརྡས་ཐག་བཅད།
        གྲོས་ཚོགས་ནས་སོ་སོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་དང་པོ་ཧེ་རྒྱལ་ཁབ་གཉིས་ཀྱིས་ཉེས་དོན་ཁྲིམས་འཛིན་རོགས་ལས་བྱེད་པའི་སྐོར་གྱི་ཆིངས་ཡིག་དང་ཀྲུང་གོ་དང་པོ་ཧེ་རྒྱལ་ཁབ་གཉིས་ཀྱིས་དམངས་དོན་དང་ཚོང་དོན་ཁྲིམས་འཛིན་རོགས་ལས་སྐོར་བྱེད་པའི་སྐོར་གྱི་ཆིངས་ཡིག ཀྲུང་གོ་དང་པོ་ཧེའི་ཁྲིད་སྐྱེལ་ཆིངས་ཡིག ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱིས་ཁྲིམས་ཐག་གཅོད་མིའི་ཆིངས་ཡིག ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་མཛའ་མཐུན་མཉམ་ལས་ཆིངས་ཡིག་སོགས་ཆོག་མཆན་གནང་བའི་སྐོར་གྱི་ཆོད་དོན་ལྔར་གྲོས་འཆམ་བྱུང་ནས་བརྡས་ཐག་བཅད། 
        གྲོས་ཚོགས་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་བཅུ་གསུམ་ལོའི་ཀྲུང་དབྱང་ངེས་རྩིས་ཆོག་མཆན་གནང་བའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་ནས་བརྡས་ཐག་བཅས་པ་དང་། ཉིས་སྟོང་བཅུ་གསུམ་ལོའི་ཀྲུང་དབྱང་ངེས་རྩིས་ལ་ཆོག་མཆན་བཀོད།
       གྲོས་ཚོགས་སྟེང་གྲོས་དོན་སྣ་ཚོགས་ལ་གྲོས་འཆམ་བྱུང་ནས་བརྡས་ཐག་བཅད་རྗེས། ཀྲང་ཏེ་ཅང་གིས་གསུང་བཤད་གནང་།  
        ཀྲང་ཏེ་ཅང་གིས་གསུང་རྒྱུར། གྲོས་ཚོགས་ནས་དམག་དོན་སྒྲིག་ཆས་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་ནས་བརྡས་ཐག་བཅད། རེབ་འདིར་གཅིག་གྱུར་གྱིས་འཆར་འགོད་དང་ལྟ་རྟོག་བྱེད་པའི་དཔལ་འབྱོར་འཛུགས་སྐྲུན་དང་། སྤྱི་ཚོགས་འཕེལ་རྒྱས། དམག་དོན་སྒྲིག་ཆས་སྲུང་སྐྱོབ་བྱ་བར་བཟོ་བཅོས་བྱས་ནས། དམག་དོན་སྒྲིག་ཆས་ཀྱི་བདེ་འཇགས་དང་འགྲིམ་འགྲུལ་བཀོལ་སྤྱོད་བྱ་བར་འགན་སྲུང་བྱེད་པ། རྒྱལ་སྲུང་གི་འཛུགས་སྐྲུན་གཉིས་དང་དམག་དོན་འཐབ་འཛིང་གྲ་སྒྲིག་བྱ་བར་ཤུགས་སྣོན་པར་དོན་སྙིང་གལ་ཆེན་ལྡན། འབྲེལ་ཡོད་ཕྱོགས་ཀྱིས་བཅའ་ཁྲིམས་དྲིལ་སྒྲོག་ཁྱབ་གདལ་བྱ་བ་བཟང་བོར་སྒྲུབ་ནས། དམངས་ཡོངས་དང་དམག་ཡོངས་ཀྱི་སྒྲིག་ཆས་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། དམག་དོན་སྒྲིག་ཆས་སྲུང་སྐྱོབ་བཅའ་ཁྲིམས་ལག་ལེན་དུ་བསྟར་བའི་བྱ་བ་ཡར་སྐུལ་བྱེད་དགོས་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1