ས་གནས་ཁག་གི་མཐོ་རིམ་སློབ་རྒྱུགས་ཀྱི་སྐར་གྲངས་སྔ་རྗེས་སུ་སྤྱི་ བསྒྲགས་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


        སྤྱི་ཚེས་20ཉིན་ནས་བཟུང་ཞིང་ཆེན་ཁག་གི་སྔ་རྗེས་སུ་སྤྱི་ལོ་2014ལོའི་མཐོ་རིམ་སློབ་རྒྱུགས་ཀྱི་སློབ་བསྡུའི་སྐར་གྲངས་ཚད་གཞི་སྤྱི་བསྒྲགས་བྱས་པ་རེད།འགའ་ཤས་ཤིག་ནི་ལོ་ངོ་ལྔའི་རིང་གི་ཚད་གཞི་མཐོ་ཤོས་བཏོད་ཡོད་པ་དང་འགའ་ཤས་ཤིག་ནི་ཏོག་ཙམ་སྤར་ཡོད།ཅི་ལིན་ཞིང་ཆེན་གྱིས་སྤྱི་བསྒྲགས་བྱས་པའི་སྤྱི་ལོ་2014ལོའི་མཐོ་རིམ་སློབ་རྒྱུགས་ཀྱི་ཐེངས་དང་པོའི་གཙོ་གནད་དངོས་གཞིའི་སློབ་མའི་ཆེས་དམའ་ཤོས་ཀྱི་སྐར་གྲངས་ཚད་གཞི་དེ་མི་རྣམས་ཀྱི་བློ་ཡུལ་ལས་འདས་ཡོད་དེ།རང་བྱུང་ཚན་རིག་ཚན་ཁག་གི་སྐར་གྲངས་དེ་555དང་རིག་གནས་ཚན་ཁག་གི་སྐར་གྲངས་དེ་560ཡིན་པ་རེད།སྐར་གྲངས་འདི་གཉིས་ཁག་སོ་སོར་ན་ནིང་གི་སྐར་གྲངས་535དང་510ལས་དེ་བས་མཐོ་བ་ཡོད་ཅིང་སྤྱི་ལོ་2009ལོ་ནས་བཟུང་གི་སློབ་བསྡུའི་ཚད་གཞི་མཐོ་ཤོས་དེ་གཏོད་ཡོད་པ་དང་དུས་མཚུངས་སུ་མིག་སྔར་སྤྱི་བསྒྲགས་བྱས་པའི་ད་ལོའི་མཐོ་རིམ་སློབ་རྒྱུགས་སློབ་བསྡུའི་སྐར་གྲངས་སྤྱི་བསྒྲགས་བྱས་པའི་ཀོང་ཤི་དང་།ཉིང་ཤ། ཀན་སུའུ།ཀུའེ་ཀྲོའུ་སོགས་ལས་མཐོ་བ་ཡོད་པ་རེད། ཅེ་ལིན་ཕུད་ཁྲུང་ཆིང་དང་ཧོ་པེ་སོགས་ཀྱིས་ཀྱང་སྤྱི་ལོ་2014ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་སྐར་གྲངས་ཚད་གཞི་དེ་གཏན་འཁེལ་བྱས་ཡོད།དེའི་ནང་རང་བྱུང་ཚན་རིག་ཚན་ཁག་གི་སྐར་གྲངས་མཐོ་བའི་སློབ་མ་མང་དུ་ཕྱིན་ཡོད་པས་དེར་བརྟེན་ད་ལོ་ཧོ་པེའི་དངོས་གཞིའི་ཚན་ཁག་གི་ཐེངས་དང་པོའི་སློབ་བསྡུའི་སྐར་གྲངས་ཚད་གཞི་དང་ཐེངས་གཉིས་པའི་སློབ་བསྡུའི་སྐར་གྲངས་ཚད་གཞི་ཚང་མ་ཏོག་ཙམ་མཐོ་རུ་ཕྱིན་ཡོད་པས་ཁག་སོར་སྐར་མ་35དང་སྐར་མ་25ཡི་མཐོ་རུ་ཕྱིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1