ཞིང་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་དཀར་མཛེས་འཐུས་མི་ཚོགས་པས་གྲོས་ཚོགས་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-19


        སྤྱི་ཟླ་དང་པོའི་ཚེས་18ཉིན། དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་པའི་ཞིང་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་དཀར་མཛེས་འཐུས་མི་ཚོགས་པས་གྲོས་ཚོགས་འཚོགས་ཤིང་། གྲོས་ཚོགས་སྟེང《ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ།》དང་《ཞིང་ཆེན་ཁྲིམས་ཁང་གི་ལས་ཀའི་སྙན་ཞུ།》《ཞིང་ཆེན་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུ།》ལ་གྲོས་ཞིབ་བྱས། ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་ཝང་མིང་ཧེའུ་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་པའི་གྲོས་ཚོགས་ལ་ཞུགས་ཏེ་གྲོས་ཞིབ་བྱས་ཤིང་དཀར་མཛེས་ཁུལ་གྱི་རང་ངོས་ཀྱི་ཁྱད་ཆོས་འདོནས་སྤེལ་བྱས་ཏེ་སྔར་ལས་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱས་པར་བསྟོད་བསྔགས་གནང་། 
    ཞིང་ཆེན་དམངས་ཆེན་གྱི་འཐུས་མི། དཀར་མཛེས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཁྲེན་མིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་། ཞིང་ཆེན་དམངས་ཆེན་གྱི་འཐུས་མི། དཀར་མཛེས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡུའུ་ཚའེ་གྲོས་ཚོགས་ལ་ཞུགས། དེ་མིན་ཞིང་ཆེན་ཁྲིམས་འཛིན་ཐིང་དང་དམངས་སྲིད་ཐིང་སོགས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འགན་འཛིན་པ་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་ལ་མཉན། 
        གྲོས་ཚོགས་ཐོག་ཚང་མས་ངེས་པར་དུ་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་སྙན་ཞུ་དང་ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱ་དགོས་པར་མ་ཟད། དཀར་མཛེས་ཀྱི་གཏམ་རྒྱུད་ལེགས་པོར་བཤད་པ་དང་དཀར་མཛེས་ཀྱི་སེམས་སྒྲ་ལེགས་པོར་སྒྲོག་པ། དཀར་མཛེས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པ། དཀར་མཛེས་ཀྱི་སྣང་བརྙན་ལེགས་པོར་མཚོན་ཏེ་ནན་ཏན་གྱིས་གཏན་འབེབ་ཁག་ལག་བསྟར་བྱས་གཟབ་ནན་གྱིས་འཐུས་མིའི་འོས་འགན་ལག་བསྟར་བྱ་ངེས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1