མཛོད་དགེ་རྫོང་ཞག་བསྡད་སྡེ་བའི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་དངོས་སུ་སྒོ་ཕྱེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-19


        སྤྱི་ཟླ་དང་པོའི་ཚེས་17ཉིན། མཛོད་དགེ་རྫོང་ཞག་བསྡད་སྡེ་བའི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་དངོས་སུ་སྒོ་ཕྱེ།
        འབྲིང་བ་ཡུལ་ཤོག་གི་ཞག་བསྡད་སྡེ་བའི་གྲོང་གསེབ་ཀྱི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ལ་ཁྱོན་བསྡོམས་མ་དངུལ་སྒོ་ཁྲི་101བཏང་བ་དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་660ཡོད་པ་རེད། དེ་ནི་ཇ་ཁང་དང་མགྲོན་ཁང་། ཟ་ཁང་། ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་བཅས་གཞི་གཅིག་ཏུ་བསྡུས་པའི་ཞབས་ཞུའི་ལྟེ་གནས་ཤིག་ཡིན་ཞིང་ཚོད་དཔག་བྱས་པ་ལྟར་ན་ལོ་རེའི་ཐོན་སྐྱེད་བསྡོམས་གྲངས་སྒོར་ཁྲི་25ཟིན་པ་དང་དུས་མཚུངས་སུ་དབུལ་ཕོངས་མང་ཚོགས་10ནས་20ཡི་ལས་ཞུགས་ཐག་གཅོད་བྱས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1