ཆུ་ཆེན་རྫོང་གིས་ཞིང་འབྲོག་མང་ཚོགས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-20


        ཉེ་ལམ། སྔར་ལས་ལེགས་པའི་སྒོ་ནས་ཀྲུང་དབྱང་གི་དམངས་ཡོངས་ཀྱི་དཔེ་ཀློག་སྐུལ་སྤུལ་གྱི་དགོངས་དོན་ལག་བསྟར་བྱས་ཏེ་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏང་ཆེད། ཆུ་ཆེན་རྫོང་གི་ལས་ཁུངས་མང་པས་ཟླ་དང་པོ་ནས་བཟུང་རྫོང་ཡོངས་ནས་དུས་ཡུན་ཟླ་བ་གཉིས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་དཔེ་ཀློག་གི་མུ་འབྲེལ་བྱེད་སྒོ་སྤེལ།  

        ཐེངས་འདིའི་བྱེད་སྒོ་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་22དང་སྲིད་འཛིན་སྡེ་བ་109ལ་ཁེབས་པ་དང་། བྱེད་སྒོའི་ནང་དོན་ལ་ཞིང་སྡེའི་དཔེ་སྟོན་དཔེ་ཁང་གི་གསར་འཛུགས་བྱེད་སྒོ་དང་གཞི་རིམ་དུ་དཔེ་དེབ་བསྐྱལ་བའི་བྱེད་སྒོ། ཞོར་ལས་པའི་དཔེ་ཀློག་བྱེད་སྒོ། ཞིང་ལས་རྩན་རྩལ་ཐད་ཀྱི་འཆད་ཁྲིད་སོགས་འདུས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1