དར་མདོ་གྲོང་ཁྱེར་གྱིས་སློབ་ཆུང་གི་བོད་ཡིག་དགེ་རྒན་གྱི་ནུས་པ་མཐོར་འདེགས་སུ་བཏང་།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-20


        ཉེ་ལམ། གསར་འགོད་པས་དར་མདོ་གྲོང་ཁྱེར་ཀྱི་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། གྲོང་ཁྱེར་ཡོངས་ཀྱི་བོད་ཡིག་དགེ་རྒན་གྱི་ཆེད་ལས་ཆུ་ཚད་དང་སློབ་ཁྲིད་ཀྱི་ནུས་པ་ཡར་མཐོ་བཏང་པ་དང་དེང་རབས་སློབ་གསོའི་ལག་རྩལ་དེ་སློབ་ཁྲིད་དངོས་སུ་བཀོལ་སྤྱོད་གང་ལེགས་བྱ་ཆེད། དར་མདོ་གྲོང་ཁྱེར་གྱིས་སློབ་ཆུང་བོད་ཡིག་དགེ་རྒན་གྱི་ལས་སྒོ་ནུས་པ་གསོ་སྦྱོང་བྱས།
        ཐེངས་འདིའི་གསོ་སྦྱོང་བྱེད་སྟངས་ནི་གྲོང་ཁྱེར་དེའི་བོད་ཡིག་དགེ་རྒན་62ལ་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་སློབ་ཁྲིད་དགེ་རྒན་ནི་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་ཁག་གཅིག་ཆེད་དུ་གདན་ཞུ་བྱས་ཡོད། སློབ་ཁྲིད་ཀྱི་ཁྲོད་དུ་དགེ་རྒན་རྣམས་ཀྱིས་བོད་སྐད་ཡིག་སློབ་གསོར་འཕྲད་པའི་དཀའ་ངལ་དང་ཐག་བཅོད་བྱེད་ཐབས། དེ་མིན་ཚད་ལྡན་གྱི་དེང་རབས་ཀྱི་དགེ་རྒན་ཞིག་ཅི་ལྟར་བྱེད་པ་དང་བོད་སྐད་ཡིག་སློབ་གསོ་དང་དེང་རབས་སློབ་གསོ་གཉིས་ཉམས་དུ་ཟུང་འབྲེལ་བྱེད་སྟངས་སོགས་ཀྱི་བརྗོད་བྱ་གཙོ་བོ་བཟུང་ནས་བུམ་པ་གང་བྱོའི་ཚུལ་དུ་སློབ་སྟོན་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1