ཞི་ཅིན་ཕིང་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པར་མཉམ་གྲོས་མཉམ་སྐྲུན་བྱེད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་རྒྱང་སྒྲོག་དྲ་བ། སྤེལ་དུས། 01-20


        མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅོ་བརྒྱད་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་ཡི་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་མཛད་པ་དང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པར་མཉམ་གྲོས་མཉམ་སྐྲུན་བྱེད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་མཉམ་དུ་གསར་སྐྲུན་བྱ་དགོས་ཞེས་པའི་གསུང་བཤད་གནང་། ཁོང་གིས་གཏིང་ཟབ་ཅིང་ཁྱོན་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱས་བཤད་བྱས་པ་དང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་རླབས་ཆེན་འཕེལ་རིམ་མཉམ་དུ་གསར་སྐྲུན་བྱེད་པ་དང་། གླེང་མོལ་གྲོས་མོལ་དང་མཉམ་སྤྱོད་གསར་སྐྲུན། མཉམ་ལས་མཉམ་རྒྱལ། ཕན་ཚུན་ལ་བརྗེ་རེས་དང་དཔྱད་གཞིར་འཛིན་པ། ལྗང་མདོག་ཐན་ཉུང་བཅས་རྒྱུན་འཁྱོངས་བྱས་ཏེ། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། མཉམ་དུ་དར་རྒྱས་སུ་འགྲོ་བ། སྒོ་འབྱེད་བཟོད་སྒོམ། དག་གཙང་མཛེས་སྡུག་གི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་དགོས་པའི་འདོད་ཚུལ་བཏོན།
        མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་སྤྱི་ཁྱབ་པུའུ་ཡི་སྤྱི་ཁྱབ་ལས་འཛིན་མུའུ་ལེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་ཀུའུ་ཐི་ལོས་སི་ཡིས་དགའ་བསུ་ཞུ་བའི་ཤིས་ཚིག་ཕུལ་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་སྤྱི་ཁྱབ་པུའུ་ལ་ཕེབས་ནས་གསུང་བཤད་གལ་ཆེན་གནང་བར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་དང་རྒྱུན་མཐུད་འཕེལ་རྒྱས་སོགས་ལས་དོན་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་འཕེལ་རིམ་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་གཟེངས་བསྟོད་བྱས།
        ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གྲོགས་པོའི་འབྲེལ་བ་དང་ཁྱོན་ཡོངས་བདེ་འཇགས། དཔལ་འབྱོར་འཕེལ་རྒྱས། དཔལ་ཡོན་བརྗེ་རེས། སྐྱེ་ཁམས་འཛུགས་སྐྲུན་སོགས་ཕྱོགས་སུ་འབད་བརྩོན་བྱེད་དགོས། གཅིག གླེང་མོལ་གྲོས་མོལ་རྒྱུན་འཁྱོངས་བྱས་ཏེ་ཡུན་རིང་ཞི་བདེ་ཡི་འཛམ་གླིང་འཛུགས་སྐྲུན་བྱ་དགོས། གཉིས། མཉམ་སྤྱོད་མཉམ་འཛུགས་རྒྱུན་འཁྱོངས་བྱས་ཏེ་ཡོངས་ཁྱབ་བདེ་འཇགས་ཡིན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱ་དགོས། གསུམ། མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ་མཉམ་དུ་དར་རྒྱས་སུ་འགྲོ་བའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱ་དགོས། བཞི། ཕན་ཚུན་ལ་བརྗེ་རེས་དང་དཔྱད་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྒོ་འབྱེད་བཟོད་སྒོམ་གྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱ་དགོས། ལྔ། ལྗང་མདོག་ཐན་ཉུང་རྒྱུན་འཁྱོངས་བྱས་ཏེ་དག་གཙང་མཛེས་སྡུག་གི་འཛམ་གླིང་ཞིག་འཛུགས་སྐྲུན་བྱ་དགོས་ཞེས་བསྟན། 
        ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པ་ནི་མཛེས་སྡུག་ལྡན་པའི་དམིགས་འབེན་ཞིག་ཡིན་ལ། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ན་ད་གཟོད་མངོན་འགྱུར་བྱེད་པའི་དམིགས་འབེན་ཞིག་ཀྱང་ཡིན། ཀྲུང་གོས་རྒྱ་ཆེའི་ཁོངས་གཏོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་དང་ལས་ཁུངས་བཅས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་རླབས་ཆེན་འཕེལ་རིམ་མཉམ་དུ་གསར་སྐྲུན་བྱ་འདོད་ཅེས་བསྟན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1