རོལ་དབྱངས་ཟློས་གར་ཆེན་མོ《དར་མདོ་མཛའ་གཞས།》ཀྱི་ཐོག་མའི་འཁྲབ་སྟོན་ལེགས་གྲུབ་བྱུང་།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-22


 

 

    སི་ཁྲོན་ཞིང་ཆེན་གྱི་སྐབས་དྲུག་པའི་གྲངས་ཉུང་མི་རིགས་དུས་ཆེན་ཐོག་འགྲེམ་སྟོན་བྱས་པའི་འགྲབ་གཞུང་གལ་ཆེན་གྱི་གྲས་དང་། ཁྲེན་ཏུའུ་གྲོང་ཁྱེར་གྱི་རིག་གནས་ཅུས་ཀྱིས་བདམས་ཐོན་བྱུང་བ། དཀར་མཛེས་ཁུལ་གླུ་གར་ཚོགས་པས་འཁྲབ་སྟོན་བྱས་པའི་རོལ་དབྱངས་ཟློས་གར《དར་མདོ་མཛའ་གཞས།》སྤྱི་ཟླ་1པའི་ཚེས་19ཉིན་ལ་ཁྲེན་ཏུའུ་ནས་འཁྲབ་སྟོན་བྱས་ཏེ་ལེགས་གྲུབ་བྱུང་། ཟློས་གར་ནི་ལེ་ཚན་དྲུག་ལ་དབྱེ་ནས་འཁྲབ་པ་དང་། རྒྱ་བོད་མི་རིགས་གཉིས་ཀྱི་གཏིང་ཟབ་ཀྱི་མཛའ་བརྩེ་དང་ཡིད་སེམས་འགུལ་པའི་ཕོ་མོའི་བརྩེ་དུང་སོགས་འཁྲབ་སྟོན་བྱས་ཡོད། རྒྱལ་ཆེ་བའི་ལྟད་མོ་རྣམས་ཀྱི་གདེང་འཇོག་དང་དགའ་བསུ་ཐོབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1