བདེ་ཆེན་གྱི་བོད་ལུགས་ལོ་གསར་གྱི་དགོང་ཚོགས་ཕབ་སྐྲུན་བྱས་ཚར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། སྤེལ་དུས། 01-23


        ཟླ་དང་པོའི་ཚེས་14ཉིན་ནས་ཚེས་15ཉིན། མེ་བྱ་དམར་པོས་བཀྲ་ཤིས་ལོ་གསར་བསུ་བ་ཞེས་པའི་བདེ་ཆེན་གྱི་བོད་ལུགས་ལོ་གསར་གྱི་དགོང་ཚོགས་སེམས་ཀྱི་ཉི་ཟླའི་དངོས་མང་བཤམས་སྟོན་ཁང་གི་ཟློས་གར་ཁང་དུ་ཕབ་སྐྲུན་བྱས་ཤིང་།2017ལོའི་ཟླ་2པའི་ཚེས་27ཉིན་གྱི་དགོང་མོར། བདེ་ཆེན་རྒྱང་བསྒྲགས་བརྙན་འཕྲིན་གྱི་གསར་འགྱུར་ཕྱོགས་བསྡུས་འཕྲིན་ལམ་དང་ཁམས་པའི་བོད་སྐད་འཕྲིན་ལམ་ཐོག་གཏང་རྒྱུ་རེད།

        དགོང་ཚོགས་ནི་གླེང་གཞི་དང་མཛེས་སྡུག་ལྡན་པའི་བདེ་ཆེན། བདེ་སྐྱིད་ཀྱི་བདེ་ཆེན། འཆམ་མཐུན་ལྡན་པའི་བདེ་ཆེན། མཇུག་ཆ་བཅས་ཀྱིས་གྲུབ་པ་དང་། བདེ་ཆེན་དང་མཐའ་སྐོར་བོད་ཁུལ་ནས་ཡོང་བའི་ཆེད་ལས་འཁྲབ་མཁན་དང་དམངས་ཁྲོད་སྒྱུ་རྩལ་མི་སྣ་ཁྱོན་བསྡོམས་200ལྷག་གིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལེ་ཚན་18ཡོད།







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1