རྨ་ཆུའི་གཞོང་སའི་ཞིང་ས་མུའུ་ས་ཡ་གཅིག་ལྷག་གི་ས་ཞིང་གསར་སྤེལ་ལེགས་སྒྲིག་ལས་གཞིའི་དུས་རིམ་བར་མར་དཔྱད་འཇོག་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་ཉི་ཤུའི་ཉིན་བར།རྒྱལ་ཁབ་ས་ཁོངས་ཐོན་ཁུངས་པུའུ་དང་ནོར་སྲིད་ལས་ཁུངས་གཉིས་ཀྱིས་མཉམ་དུ་གྲུབ་པའི་བརྟག་དཔྱད་ཚན་ཆུང་མཚོ་སྔོན་དུ་ཡོང་ནས།མཚོ་སྔོན་ཤར་རྒྱུད་རྨ་ཆུའི་གཞོང་སའི་ཞིང་ས་མུའུ་ས་ཡ་གཅིག་ལྷག་གི་ས་ཞིང་གསར་སྤེལ་དང་ལེགས་སྒྲིག་ལས་གཞི་བྱ་བའི་དུས་རིམ་བར་མར་དཔྱད་འཇོག་བྱས་ཏེ།ལས་སྒོ་འཁོར་རྒྱུག་གི་གནས་བབ་དང་སྤུས་ཀམ་དངུལ་བཀོལ་སྟངས་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གང་ལེགས་བྱས་མཐར།ལོ་རྗེས་མའི་ལས་སྒོར་མ་དངུལ་གཏོང་བའི་བྱ་བར་བཀོད་སྒྲིག་ཚགས་སུ་ཆུད་པ་བྱས།
མཉམ་འབྲེལ་ཞིབ་བཤེར་ཚན་ཆུང་གིས་བྱ་བའི་ཡར་ཞུ་ལ་གཟབ་ཉན་དང་འབྲེལ་ཡོད་གནད་དོན་ལ་བཀའ་འདྲི་བྱས་རྗེས།སྒོ་ཀུན་ནས་བཟོ་སྐྲུན་ལས་གཞི་དང་ནོར་སྲིད་རྒྱུ་ཆ་ལ་གཟིགས་ཞིབ་བྱས་པ་མ་ཟད།ད་དུང་མིན་ཧོ་དང་ཁྲི་ཀ་སོགས་ས་གནས་ཁག་ཅིག་ལ་དངོས་སུ་སོང་ནས།ལས་སྒོ་ལག་བསྟར་དང་སྒྲིག་ཆས་འཛུགས་སྐྲུན་ཐད་ལ་རྒྱུས་ལོན་ཟབ་མོ་བྱས་ཤིང་།བཟོ་སྐྲུན་གྱི་སྤུས་ཀ་དང་མ་དངུལ་གཏོང་ཕྱོགས་སོགས་ཀྱི་གནས་ཚུལ་ལ་གཟབ་ནན་སྒོས་ཞིབ་བཤེར་བྱས་མཐར།གནད་དོན་དེ་རིགས་ཐག་གཅོད་ཡག་པོ་ཡོང་བའི་ཐད་བསམ་འཆར་དང་ལྟ་ཚུལ་བཏོན།མཉམ་འབྲེལ་ཞིབ་བཤེར་ཚན་ཆུང་གིས་ལས་གཞི་ཆེ་གྲས་ཀྱི་སྤྱིའི་གནས་སྟངས་ལ་ཁས་ལེན་ཡང་དག་བྱས་པར་མ་ཟད།ལས་སྒོ་ཇེ་རྒྱས་ཇེ་ལེགས་སུ་འཕེལ་བའི་ཐད་ཡིད་ཆེས་དང་རེ་བ་ཡོད་པའི་འདོད་བློ་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1