ཟུང་ཆུ་རྫོང་གིས་ཤུགས་ཆེན་པོས་སྐྱེས་ཁམས་སྲུང་སྐྱོབ་ཀྱི་ལས་གཞི་གཙོ་གནད་ཁག་ལག་བསྟར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-06


        ཉེ་ལམ་སྤེལ་བའི་གནས་ཚུལ་ལྟར་ན། སྤྱི་ལོ་2017ལོར་ཟུང་ཆུ་རྫོང་གིས་མ་དངུལ་སྒོར་ཁྲི་11843བཏང་ནས་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་ཀྱི་སྐབས་གཉིས་པའི་ལས་གཞི་དང་སྤྱི་ཕན་ནགས་ཁེབས་བཅོས་བསྒྱུར་རིམ་འཕར་གྱི་སྐྱེ་ཁམས་འཛུགས་སྐྲུན་གྱི་ལས་གཞི་སོགས་སྲིད་གཞུང་རང་བཞིན་གྱི་དངུལ་གཏོང་ལས་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས། དེ་མིན་མ་དངུལ་སྒོར་ཁྲི་17028བཏང་ནས་གཞི་རྒྱ་ཆེ་བའི་རྫོང་ཡོངས་ཀྱི་ལྗང་བསྒྱུར་འགུལ་སྐྱོད་ཀྱི་2017ལོའི་ལས་གཞིའི་འཛུགས་སྐྲུན་ལེགས་པར་འགྲུབ་པར་མ་ཟད།  མུ་མཐུད་དུ་ཞིང་ཆེན་རིམ་པའི་སྐྱེས་ཁམས་རྫོང་གསར་འཛུགས་ཀྱི་ལས་ཀ་ལག་བསྟར་བྱས་ནས་ཀྲུང་དབྱང་ནོར་སྲིད་ཀྱི་བརླན་སའི་སྲུང་སྐྱོབ་དང་བསྐྱར་གསོན་རོགས་གསབ་མ་དངུལ་སྒོར་ཁྲི་300ཡི་ལས་གཞིའི་འཛུགས་བསྐྲུན་ལེགས་གྲུབ་བྱུང་བར་ཁག་ཐེག་བྱས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1