2017ལོའི་ཀྲུང་གོ་དང་ཨོ་སི་ཐྲ་ལི་ཡའི་གནས་སྐོར་ལོ་ཚོགས་འགོ་ཚུགས་པའི་མཛད་སྒོ་དེ་ཨོ་སི་ཐྲ་ལི་ཡའི་ཞི་ཉི་གྲོང་ཁྱེར་དུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-06


        2017ལོའི་ཀྲུང་གོ་དང་ཨོ་སི་ཐྲ་ལི་ཡའི་གནས་སྐོར་ལོ་ཚོགས་འགོ་ཚུགས་པའི་མཛད་སྒོ་དེ་ཚེས་ལྔ་ཉིན་ཨོ་སི་ཐྲ་ལི་ཡའི་ཞི་ཉི་གྲོང་ཁྱེར་དུ་འཚོགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཨོ་སི་ཁྲི་ལི་ཡའི་ཙུང་ལི་ཐི་ཨུན་པུའུ་ཨར་རྣམ་གཉིས་ཀྱིས་འགོ་ཚུགས་མཛད་སྒོར་རྟེན་འབྲེལ་ཞུ་བའི་ཤིས་ཚིག་ཕུལ། 
        ལི་ཁེ་ཆང་གིས་མི་གཞུང་བརྗེ་རེས་ནི་ཀྲུང་གོ་དང་ཨོ་སི་ཐྲ་ལི་ཡའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ནང་དོན་གཙོ་བོ་ཞིག་ཡིན། ཀྲུང་གོ་དང་ཨོ་སི་ཐྲ་ལི་ཡས་གནས་སྐོར་ལོ་ཚོགས་གོ་སྐབས་སུ་བཟུང་སྟེ། མི་གཞུང་སོགས་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཨོ་སི་ཐྲ་ལི་ཡའི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྔར་ལས་བརྟན་པའི་དམངས་དོན་རྨང་གཞི་གསོ་སྐྱོང་བྱ་དགོས་ཞེས་བསྟན། 
        ལི་ཁི་ཆང་གིས་ཀྲུང་གོ་དང་ཨོ་སི་ཐྲ་ལི་ཡས་འཛམ་གླིང་གི་དཔལ་ཡོན་སྣ་མང་ཅན་ལ་བརྩི་འཇོག་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཐྲ་ལི་ཡ་ཕྱོགས་དང་མཉམ་དུ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་ཞིང་བཟོད་སྒོམ་སྒོ་འབྱེད་བྱེད་པ་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། འཛམ་གླིང་ཞི་བདེ་ཡོང་བ་མཉམ་དུ་སྲུང་སྐྱོབ་བྱེད་པར་མ་ཟད། ས་ཁུལ་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀྱིས་གཉིས་ཕན་མཉམ་ལས་བྱས་པའི་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་འདོད་ཅེས་བསྟན། 
        ཐི་ཨུན་པུའུ་ཨར་གྱིས་ཨོ་སི་ཐྲ་ལི་ཡ་དང་ཀྲུང་གོའི་གནས་སྐོར་མཉམ་ལས་གྲོགས་པོའི་འབྲེལ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཨོ་སི་ཐྲ་ལི་ཡ་དང་ཀྲུང་གོའི་གནས་སྐོར་ལོའི་བྱ་འགུལ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་རབས་གསར་བར་སླེབས་པ་མཚོན་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཚེ། མ་འོངས་པར་ཨོ་སི་ཐྲ་ལི་ཡ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན།། 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1