སི་ཁྲོན་པའོ་ཞིན་གྱི་བོད་མི་ཚོས་ཚེས་དགུའི་དུས་ཆེན་རོལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-07


        ཟླ་2ཚེས་5ཉིན། སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་པའོ་ཞིན་རྫོང་(硗碛)ཨུལ་རྩེ་བོད་རིགས་ཤང་གི་བོད་མི་ཚོས་སྲོལ་རྒྱུན་གྱི་དམངས་སྲོལ་རྩལ་རྩེད"ངང་པས་ང་རུམ"ཞེས་པ་འཁྲབ་སྟོན་བྱས་ནས་ཚེས་དགུའི་དུས་ཆེན་ལ་རོལ་བ་རེད། ཉིན་དེ་ནི་ལུགས་རྙིང་གི་ཟླ་བ་དང་པོའི་ཚེས་དགུ་ཡིན་ཞིང་། སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་པའོ་ཞིན་རྫོང་གྱ་གྱུ་རི་བོའི་འདབས་སུ་ཨུལ་རྩེ་(硗碛)བོད་རིགས་ཤང་གི་བོད་རིགས་མང་ཚོགས་ཀྱིས་སེང་གེ་དང་འབྲུག་ལ་སོགས་པའི་བྲོ་གར་འཁྲབ་ནས་སྲོལ་རྒྱུན་གྱི་བྱེད་སྒོ་སྤེལ་ནས་ཚེས་དགུའི་དུས་ཆེན་ལ་རྟེན་འབྲེལ་ཞུས་བཞིན་དུ། ན་ནིང་ལོ་ལེགས་བྱུང་བར་དགའ་ཚོར་དང་། མ་འོངས་པར་སྐྱེས་དངོས་དར་འཕེལ་ཡོང་བར་སྨོན་འདུན་ཞུས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1