མཛོད་དགེ་རྫོང་གི་ལས་བྱེད་མི་སྣས་ལས་གནས་བརྟན་སྲུང་བྱས་ནས་མང་ཚོགས་རྣམས་ཀྱི་བློ་བདེ་པའི་ལོ་གསར་ཞིག་གཏོང་བར་འབད།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 02-08


        དཔྱིད་གསར་དུས་ཆེན་ནི་ཁྱིམ་མི་ལྷན་འཛོམས་དང་མང་ཚོགས་ཐམས་ཅད་དགའ་སྤྲོའི་དཔལ་ལ་རོལ་པའི་དུས་ཤིག་ཡིན།  ཡིན་ནའང་མཛོད་དགེ་རྫོང་གི་སྨན་པ་དང་ཉེན་རྟོག་པ། དེ་མིན་ཁོར་ཡུག་གཙང་སྦྲ་བྱེད་མཁན་སོགས་ལས་རིགས་ཁག་སྔར་བཞིན་ལས་གནས་བརྟན་སྲུང་བྱས་ནས་མང་ཚོགས་རྣམས་ཀྱི་བློ་བདེ་པའི་ལོ་གསར་ཞིག་གཏོང་བར་འབད་བཞིན་འདུག

         མཛོད་དགེ་རྫོང་གི་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ཀྱི་རང་ཉིད་ཀྱི་དོན་དངོས་དང་སྦྲེལ་ནས་བཀོད་སྒྲིག་ལེགས་པོ་བྱས་ཤིང་། དཔྱིད་གསར་དུས་ཆེན་སྐབས་ཀྱི་འགྲིམ་འགྲུལ་དོ་དམ་ལས་དོན་དམ་འཛིན་བྱས།

         རྫོང་གི་ཁོར་ཡུག་གཙང་སྦྲ་བྱེད་མཁན་རྣམས་ལའང་ངལ་གསོ་མེད་དེ།  དུས་ཆེན་གྱི་སྐབས་སུ་ཤོག་སྦག་བཏང་མཁན་མང་པས་གད་སྙིགས་སྔར་ལས་མང་། གཙང་སྦྲ་བྱེད་མཁན་རྣམས་སྔ་མོར་ལངས་ནས་སྲང་ལམ་གཙང་སྦྲ་བྱེད་བཞུན་འདུག

         རྫོང་སྨན་ཁང་གི་སྨན་བཅོས་མི་སྣ་རྣམས་ཀྱིས་ཀྱང་ལས་གནས་བརྟན་སྲུང་ལེགས་པོ་བྱས་ཏེ།  ནད་པ་མང་པོར་སྨན་བཅོས་བྱས་པ་སྟེ། གང་ན་ནད་པ་ཡོད་ན་དེ་ན་སྨན་བཅོས་མི་སྣའི་བྲེལ་འཚུལ་གྱི་རྒྱབ་གཟུགས་མཐོང་རྒྱུ་ཡོད་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1