ཞི་ཅིན་ཕིང་དང་སིང་གྷ་ལའི་སྲིད་འཛིན་ཞི་ལི་སེ་ན་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-08


        སྤྱི་ཟླ་2པའི་ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སིང་གྷ་ལའི་སྲིད་འཛིན་ཞི་ལི་སེ་ན་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུས།
        ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་ཀྲུང་གོ་དང་སིང་གྷ་ལའི་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་མང་པོའི་ཉམས་སད་ཐེག་པ་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བོ་སྲུང་འཛིན་བྱས། བདག་གིས་ཀྲུང་གོ་དང་སིང་གྷ་ལའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། སིང་གྷ་ལ་ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཁྲོད་དུ་ཞུགས་པར་གཟེངས་བསྟོད་བྱེད་པར་མ་ཟད། ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་ཅིང་དམངས་ཁྲོད་ཀྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་སིང་གྷ་ལས་ཕན་ཚུན་ལ་རོགས་སྐྱོང་བཟང་བོ་བྱེད་པ་དང་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་གསོན་ཤུགས་གསར་བ་རྒྱས་བར་སྐུལ་འདེད་གཏང་འདོད་ཅེས་བསྟན། 
        ཞི་ལི་སེ་ན་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་སིང་གྷ་ལ་དང་ཀྲུང་གོ་བར་གྱི་མཛའ་མཐུན་འབྲེལ་བ་དེ་ཆུ་བོའི་རྒྱུན་བཞིན་རིང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་སོང་བར་མ་ཟད་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་། སིང་གྷ་ལ་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བརྩོན་ལེན་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་བཏོན་པ་དེས་གནའ་རབས་མཚོ་ཐོག་དར་གོས་ཚོང་ལམ་གྱི་རྨང་གཞིའི་སྟེང་སིང་གྷ་ལ་དང་ཀྲུང་གོའི་མཉམ་ལས་ཀྱི་དུས་རབས་གསར་བ་གསར་སྐྲུན་བྱེད་ངེས་ཡིན་ལ། སིང་གྷ་ལ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་རྟེན་འབྲེལ་ཞུས་པ་ཡིན་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1